[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འཛམ་གླིང་ཐོག་བྱེ་ཐང་དང་མྱ་ངམ་ཐང་བརྒྱུད་པའི་ལམ་ཚད་རིང་ཤོས་ཀྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ།

    ​པེ་ཅིང་ནས་ཤིན་ཅང་བར་གྱི་ལམ་ཐིག་ཧྲིལ་པོར་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-17

     ཟླ་7ཚེས་15ཉིན་པེ་ཅིང་ནས་ཤིན་ཅང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ནང་སོག་ལིང་ཧོ་ནས་པའེ་ཀེ་ཏ་བར་གྱི་དུམ་བུ་དང་། ཀན་སུའུ་ཡི་པའེ་ཀེ་ཏ་ནས་མིང་ཧྲུའེ་བར་གྱི་དུམ་བུ། ཤིན་ཅང་མིང་ཧྲུའེ་ནས་ཧ་སྨི་བར་གྱི་དུམ་བུ་བཅས་གསུམ་པོ་འབྲེལ་མཐུད་བྱུང་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དེ་ལས་པེ་ཅིང་ནས་ཤིན་ཅང་དབར་དེ་བས་སྟབས་བདེ་ལ་མྱུར་བའི་ལམ་ཆེན་ཤར་གཏོང་ཐུབ་པ་དང་ལམ་ཐིག་ཧྲིལ་པོ་མྱུར་བགྲོད་གཞུང་ལམ་ཡིན་པ་མཚོན་ཡོད། རྣམ་གྲངས་བསྐྲུན་ཟིན་རྗེས་པེ་ཅིང་དང་ནང་སོག་གི་ནུབ་བྱང་རྒྱུད་དང་། ཀན་སུའི་བྱང་རྒྱུད། ཤིན་ཅང་བཅས་འབྲེལ་མཐུད་ཀྱི་སྐམ་སའི་བགྲོད་ལམ་ཆེ་མོ་ཤར་གཏོང་ཐུབ་སྟེ་པེ་ཅིང་ནས་ཝུའུ་ལུའུ་མུའུ་ཆི་བར་ལམ་ཚད་སྤྱི་ལེ་1300ཙམ་ཐུང་དུ་ཕྱིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།