
2022ལོའི་ཟླ་6ཚེས་21ཉིན་ཚད་ལྡན་དོས་སྒམ་100བླུགས་པའི་མཚོ་འགྲུལ་དང་ལྕགས་ལམ་མཉམ་འདྲེན་གྱི་འོད་ཤུགས་ཆེད་སྤྱོད་དུས་གཏན་མེ་འཁོར་ཀྲེ་ཅང་དབྱི་ཝུའུ་ཡི་ནུབ་ཚུགས་ནས་ཐོན་པ་དང་ཉིང་པོ་ཀྲོའུ་ཧྲན་གྲུ་ཁའི་པེ་ལུན་གྲུ་ཁའི་བབས་ཚུགས་སུ་འབྱོར་རྗེས་སླར་ཡང་ཧན་ཤིན་མཚོ་ཐོག་སྐྱེལ་འདྲེན་ཕྱི་ཕྱོགས་ཚོང་དོན་དོས་སྒམ་གྲུ་གཟིངས་ཐོག་མགྱོགས་མྱུར་དབོར་ནས་སི་ཕེན་ལྷོ་རྒྱུད་གྲུ་ཁའི་གྲོང་ཁྱེར་ཨའར་ཧོ་ཤིས་ལ་སི་རུ་དབོར་བ་རེད།
མིག་སྔའི་བར་དབྱི་ཝུའུ་མཚོ་འགྲུལ་དང་ལྕགས་ལམ་མཉམ་འདྲེན་གྱི་དུས་གཏན་མེ་འཁོར་ལས་སྟེགས་ཀྱིས་འདི་ལོའི་ལས་སྒོ་ལེགས་སྒྲུབ་བྱེད་ཚད་ཚད་ལྡན་དོས་སྒམ་ཁྲི་6.5ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་27.4%འཕར་ཡོད་པ་རེད། ཟླ་6ཚེས་21ཉིན་མཚོ་འགྲུལ་དང་ལྕགས་ལམ་མཉམ་འདྲེན་གྱི་འོད་ཤུགས་ཆེད་སྤྱོད་དུས་གཏན་མེ་འཁོར་ཀྲེ་ཅང་དབྱི་ཝུའུ་ཡི་ནུབ་ཚུགས་ནས་ཐོན་ཏེ་སི་ཕེན་ལྷོ་རྒྱུད་གྲུ་ཁའི་གྲོང་ཁྱེར་ཨའར་ཧོ་ཤིས་ལ་སིའི་ཕྱོགས་སུ་བསྐྱོད་པ་རེད།