[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ​ ཀྲུང་གོའི་དཔེ་དེབ་ཁ་སཱ་པུ་ལན་ཁའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ལ་བཤམས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2020-02-14

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ར་པ་ཐེ་ནས་ཟླ་2ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཁ་སཱ་པུ་ལན་ཁའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་སྐབས་26པ་ཉིན་ཤས་གོང་མོ་རོ་ཁོའི་གྲོང་ཁྱེར་ཆེ་ཤོས་ཁ་སཱ་པུ་ལན་ཁར་འགོ་ཚུགས་པ་དང་། ཀྲུང་གོའི་དཔེ་དེབ་སླར་ཡང་ཨ་ཧྥེ་རི་ཁ་བྱང་མའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་གལ་ཆེན་དེར་བཤམས་པ་མ་ཟད། ཀློག་པ་པོས་དགའ་བསུ་ཆེན་པོ་ཞུས་པ་རེད།

    ཀྲུང་གོའི་འགྲེམས་ཁུལ་ནི་སྐབས་འདིའི་དཔེ་དེབ་འགྲེམས་སྟོན་གྱི་འགྲེམས་ཁུལ་རྒྱ་ཁྱོན་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་། མི་དམངས་ཐན་ཀྲོའུ་དཔེ་སྐྲུན་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀྲང་ལི་ཁུན་གྱིས་ཚེས་12ཉིན་ངོ་སྤྲོད་བྱས་པར། ཀྲུང་གོའི་འགྲེམས་སྟེགས་ལ་ཀློག་པ་པོས་དགའ་བསུ་ཆེན་པོ་ཞུས་པ་དང་ཉིན་ལྟར་ཀློག་པ་པོ་མང་པོ་འགྲེམས་སྟེགས་སུ་དཔེ་དེབ་ལྟ་ཀློག་དང་ཉོ་བར་ཡོང་གི་འདུག དཔེ་སྐྲུན་ཁང་འདིས་ལོ་བཞི་བསྟུད་མར་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་འདིར་ཞུགས་ཡོད་ཅེས་བཤད།

    མི་དམངས་ཐན་ཀྲོའུ་དཔེ་སྐྲུན་ཀུང་སིས་ད་ཐེངས་ས་གནས་དེ་གའི་ཀློག་པ་པོར་ཨ་རབ་ཀྱི་སྐད་ཡིག་དང་། ཧྥ་རན་སེའི་སྐད་ཡིག དབྱིན་ཡིག་བཅས་ཀྱི་དཔེ་དེབ་སྤུས་དག་མང་པོ་གྲ་སྒྲིག་བྱས་ཡོད་པ་དང་། ཉེ་དུས་དཔེ་སྐྲུན་བྱས་པའི《གོ་བདེ་དོན་ཟབ་ཀྱི་གསུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནའ་དཔེ་ལུང་འདྲེན》ཨ་རབ་སྐད་ཡིག་གི་པར་མ་སོགས་བརྗོད་དོན་གཙོ་བོའི་དཔེ་དེབ་གཙོ་གནད་འགྲེམས་སྟོན་བྱས་པ་དང་ཆབས་ཅིག ས་གནས་དེ་གའི་ལོ་ཆུང་བྱིས་པ་ཀློག་པ་པོ་རྣམས་ཀྱི་དགོས་མཁོ་གཞིར་བཟུང་།《ང་འཕུར་གྱི་ཡིན》(ཨ་རབ་ཀྱི་སྐད་ཡིག་པར་མ)དང་། ཚན་རིག་ཁྱབ་གདལ་གྱི་རི་མོའི་དེབ《རྒྱུ་མཚན་གསལ་བའི་མེ་ལོང》གི་དཔེ་ཚོགས(ཧྥ་རན་སེའི་སྐད་ཡིག་གི་པར་མ)སོགས་ལོ་ཆུང་བྱིས་པའི་ཕུལ་བྱུང་དཔེ་དེབ་འབོར་ཆེན་འགྲེམས་སྟོན་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།