[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་རིག་གནས་སྲུང་སྐྱོང་མཉམ་ལས་ཀྱིས་ཤིས་ཝ་གནའ་གྲོང་ལ་སླར་ཡང་གསོན་ཤུགས་རྒྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-13

    ཉེ་ཆར། ཀྲུང་གོས་རོགས་སྐྱོར་བྱས་པའི་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཧྭ་ཚེ་ཙེ་མོའུ་ཀྲོའུ་ཡི་ལོ་རྒྱུས་རིག་གནས་ཤུལ་བཞག་ཉམས་གསོའི་རྣམ་གྲངས་ལ་ནང་ཁུལ་གྱི་ལས་མཇུག་འགྲིལ་བའི་ཞིབ་བཤེར་རྩིས་ལེན་ཐོབ་པ་ལས་ཀྲུང་གོས་ཨུ་ཟ་བྷེ་ཁི་སི་ཐན་དུ་ལག་བསྟར་བྱས་པའི་རིག་དངོས་སྲུང་སྐྱོང་ཉམས་གསོའི་རྣམ་གྲངས་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་ཟིན་པ་མཚོན་ཡོད། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ལི་གཞོན་པ་ལཱ་མཱ་ཐོ་ཧྥུའུ་ཡིས་རྣམ་གྲངས་དེར་ལྟ་ཞིབ་བྱེད་སྐབས་ཉམས་གསོའི་ལས་དོན་ལ་གདེང་འཇོག་བཟང་པོ་བྱས་ཏེ་ཨུ་ཀྲུང་རྒྱལ་ཁབ་གཉིས་པོས་རིག་དངོས་སྲུང་སྐྱོང་ཉམས་གསོའི་ཉམས་མྱོང་སྤེལ་རེས་ཧུར་ཐག་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    ཨུ་ཟ་བྷེ་ཁི་སི་ཐན་གྱི་ལྷོ་ནུབ་རྒྱུད་དུ་གནས་པའི་ཧྭ་ཚེ་ཙེ་མོའུ་ཀྲོའུ་ཡི་ཤིས་ཝ་གནའ་གྲོང་དེ་ཉིད་སཱ་མར་ཧན་དང་པུའུ་ཧ་ལཱ་དང་འདྲ་བར་གནའ་བོའི་དར་གོས་ལམ་བུའི་ཐོག་གི་ལོ་རྒྱུས་ལྡན་པའི་གྲགས་ཅན་གྲོང་ཁྱེར་ཡིན་པས་ཤར་ནུབ་ཀྱི་ཚོང་འགྲུལ་སྤེལ་རེས་ཀྱི་གནས་མཆོག་ཅིག་ཡིན་པའི་དཔང་པོ་བྱས་ཡོད། རིག་དངོས་གནའ་ཤུལ་མང་བས་ཤིས་ཝ་གནའ་གྲོང་དེ་ཉིད་ལ“ཐོག་མེད་རྟེན་རྫས་བཤམས་མཛོད་ཁང”ཞེས་བརྗོད་ཀྱི་ཡོད་ལ། 1990ལོར་འཛམ་གླིང་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད། ཡིན་ནའང་ལོ་མང་ཉམས་གསོ་མ་བྱུང་བའི་དབང་གིས་ཤིས་ཝ་གནའ་གྲོང་གི་གནའ་བོའི་འཛུགས་སྐྲུན་ཁག་གཅིག་ལ་ཚད་གཞི་མི་འདྲ་བའི་ཉམས་རྒུད་བྱུང་ཡོད་པ་རེད།

    2014ལོར་ཀྲུང་ཨུ་ཕྱོགས་གཉིས་པོས་ཐུན་མོང་ཐོག་ཤིས་ཝ་གནའ་གྲོང་དུ་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་ཉམས་གསོའི་མཉམ་ལས་བྱ་རྒྱུའི་གཏན་འཁེལ་བྱས་ཡོད། རྣམ་གྲངས་དེ་ཀྲུང་གོའི་རིག་གནས་ཤུལ་བཞག་ཞིབ་འཇུག་ཁང་གིས་ལག་བསྟར་བྱས་པ་དང་ལས་གྲྭའི་ནང་ཨ་སྨིའར·ཐུའུ་ལ་ཅིན་སློབ་གླིང་དང་ཧ་སངས·མུའུ་ལ་ཏེ་ཁུའུ་ཧྲེ་པེ་ཅི་དབྱི་སི་ལམ་ཆོས་ཁང་གཙོ་བོ་སྲུང་སྐྱོང་དང་དེ་བཞིན་ཉེ་འགྲམ་གྱི་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུ་ཚུད་ཡོད།

    ཤིས་ཝ་གྲོང་ཁྱེར་གྱི་ཧྲི་ཀྲང་ཀྲུའུ་མ་ཉི་ཡ་ཙོ་ཕུའུ་ཡིས་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་རིག་དངོས་སྲུང་སྐྱོང་ལས་དོན་པའི་ཐུན་མོང་འབད་བརྩོན་འོག་ཨ་སྨིའར·ཐུའུ་ལ་ཅིན་སློབ་གླིང་དང་ཧ་སངས·མུའུ་ལ་ཏེ་ཁུའུ་ཧྲེ་པེ་ཅི་དབྱི་སི་ལམ་ཆོས་ཁང་གི་ལོ་རྒྱུས་རྣམ་པ་སླར་གསོ་བྱུང་བ་དང་། གནའ་གྲོང་གི་བྱང་སྒོའི་མ་ལམ་དང་གྲོང་མིའི་འཚོ་བའི་ཁུལ་གྱི་ཐང་ཆེན་གྱི་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད། “ཀྲུང་གོའི་རིག་དངོས་སྲུང་སྐྱོང་ལས་དོན་པས་སྔོན་ཐོན་གྱི་ལག་རྩལ་དང་འདུ་ཤེས་ལ་བརྟེན་ནས་རྩ་ཆེའི་ཤིས་ཝ་གནའ་གྲོང་སྲུང་སྐྱོང་ནུས་ལྡན་བྱས་པ་དང་ལས་ཀའི་གྲུབ་འབྲས་ལ་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་འཐུས་མིའི་ཁས་ལེན་གང་ལེགས་ཐོབ་ནས་ཤིས་ཝ་ཡི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་པ་དང་ཆབས་ཅིག་མི་སེར་གྱི་བདེ་སྐྱིད་ཚོར་སེམས་ཀྱང་ཆེ་རུ་ཕྱིན་ནས་གནའ་གྲོང་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་རྒྱས་ཡོད”ཅེས་བརྗོད་པ་རེད།

    སྔོན་མ་ལྟར་ཉམས་གསོ་བྱས་པའི་བྱང་སྒོའི་མཁར་རྫོང་ནས་གནའ་གྲོང་ཧྲིལ་པོར་ལྟ་སྐབས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་མིག་མདུན་དུ་འཆར་གྱི་ཡོད། མི་ཚོགས་སྟུག་པོའི་ཡུལ་སྐོར་བ་དང་རྩེད་མོར་རོལ་བའི་ཕྲུ་གུ་ཚོ་ཕར་འགྲོ་ཚུར་འོང་བྱེད་པ་ལས་གནའ་གྲོང་གི་གསོན་ཤུགས་ཤིག་སླར་ཡང་འཕེལ་བཞིན་འདུག

    ཀྲུང་གོའི་རིག་གནས་ཤུལ་བཞག་ཞིབ་འཇུག་ཁང་གི་ཡོན་ཀྲང་ཁྲའེ་ཞའོ་མིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཧྭ་ཚེ་ཙེ་མོའུ་ཀྲོའུ་ཡི་ལོ་རྒྱུས་རིག་གནས་ཤུལ་བཞག་ཉམས་གསོའི་རྣམ་གྲངས་ནི་ཀྲུང་གོས་ཨེ་ཤེ་ཡ་དབུས་མའི་ས་ཁུལ་དུ་ལག་བསྟར་བྱས་པའི་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་རོགས་སྐྱོར་རྣམ་གྲངས་ཐོག་མ་དེ་ཡིན་པ་རེད། རྣམ་གྲངས་ལག་བསྟར་བྱེད་རིང་ད་དུང“རྒྱུད་གཅིག་ལམ་གཅིག”གི་རིག་དངོས་སྲུང་སྐྱོང་ལག་རྩལ་གྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་འཚོགས་ཏེ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་ཤུལ་བཞག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་སྐུལ་འདེད་བཏང་ནས་ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ལ་རིག་དངོས་སྲུང་སྐྱོང་གི་ལག་རྩལ་མི་སྣ་ཁག་གཅིག་གསོ་སྐྱོང་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།