[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2019ལོའི་ཟླ་12པའི་ཟླ་མཇུག་བར་རང་རྒྱལ་གྱི་ཕྱི་དངུལ་གྲབས་གསོག་གཞི་ཁྱོན་ཨ་སྒོར་དུང་ཕྱུར་31079ཟིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-13

     ཉེ་ཆར། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱིས་གྲངས་གཞི་ཡོངས་བསྒྲགས་བྱས་ཤིང་། 2019ལོའི་ཟླ་12པའི་ཟླ་མཇུག་བར་རང་རྒྱལ་གྱི་ཕྱི་དངུལ་གྲབས་གསོག་གཞི་ཁྱོན་ཨ་སྒོར་དུང་ཕྱུར་31079ཟིན་པ་དེ་ཟླ་11པ་ལས་ཨ་སྒོར་དུང་ཕྱུར་123འཕར་ནས་འཕར་ཚད་0.4%ཟིན་པ་དང་། ལོ་འགོ་ལས་ཨ་སྒོར་དུང་ཕྱུར་352འཕར་ནས་འཕར་ཚད་1.1%ཟིན་ཡོད།

    “2019ལོའི་ཟླ་12པར་རང་རྒྱལ་གྱི་ཕྱི་དངུལ་ཁྲོམ་རའི་མཁོ་སྤྲོད་གཞི་རྩའི་ཆ་ནས་དོ་སྙོམས་རྒྱུན་འཁྱོངས་བྱུང་ཡོད”ཅེས་རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་སྤྱི་ཁྱབ་དཔལ་འབྱོར་མཁས་ཅན་ཝང་ཁྲུན་དབྱིང་གིས་བཤད་པ་དང་། ཁོང་གིས་གོ་ལ་ཧྲིལ་པོའི་ཚོང་དོན་རྣམ་པ་དང་། རྒྱལ་ཁབ་གཙོ་བོའི་ཀྲུང་དབྱང་དངུལ་ཁང་གི་དངུལ་ལོར་སྲིད་ཇུས་ཀྱི་ལངས་ཕྱོགས། དབྱིན་ཇིའི་འདེམས་བསྐོ་ཆེ་མོ་སོགས་ཀྱི་ཤུགས་རྐྱེན་ཕོག་ནས་རྒྱལ་སྤྱིའི་དངུལ་རྩའི་ཁྲོམ་རའི་ཨ་སྒོར་གྱི་སྟོན་གྲངས་དང་། རྒྱལ་ཁབ་གཙོ་བོའི་བུན་འཛིན་གྱི་རིན་གོང་ཅུང་ཟད་ཆག་ཡོད་པ་རེད། “དངུལ་ལོར་གྱི་འཛའ་ཐང་ཕབ་རྩིས་དང་རྒྱུ་ནོར་གྱི་རིན་གོང་འགྱུར་ལྡོག་སོགས་རྒྱུ་རྐྱེན་གྱི་ཕྱོགས་བསྡུས་ནུས་པས་ཕྱི་དངུལ་གྲབས་གསོག་གཞི་ཁྱོན་ཅུང་ཟད་འཕར་ཡོད”ཅེས་བཤད།

    ཝུའུ་ཧན་སློབ་ཆེན་འབུམ་རམས་སློབ་མའི་སློབ་དཔོན་ཀོན་ཐའོ་ཡིས། 2019ལོའི་ལོ་ཧྲིལ་པོའི་གྲབས་གསོག་འགྱུར་ལྡོག་གི་གནས་ཚུལ་ནས་བལྟས་ན། གཙོ་བོ་ནི་དངུལ་ལོར་གྱི་འཛའ་ཐང་འཕར་ཆག་དང་རྒྱུ་ནོར་གྱི་རིན་གོང་འཕར་ཆག་གིས་རང་རྒྱལ་གྱི་ཕྱི་དངུལ་གྲབས་གསོག་གཞི་ཁྱོན་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དེ་རེད། “དངུལ་ལོར་གྱི་འཛའ་ཐང་ཐད་གཙོ་བོ་ཨ་སྒོར་གྱི་ཤུགས་རྐྱེན་ཕོག་པ་དང་རྒྱུ་ནོར་གྱི་རིན་གོང་གཙོ་བོ་ནི་བུན་འཛིན་ཁྲོམ་རའི་རིན་གོང་རེད། འགྱུར་ལྡོག་དེ་དག་ཚང་མ་ནི་རྩིས་ཁྲའི་བསྡོམས་རྩིས་ཀྱི་འགྱུར་ལྡོག་ཡིན་པ་དང་རང་རྒྱལ་གྱི་ཕྱི་དངུལ་གྲབས་གསོག་གི་ལྷག་གྲངས་སྔར་བཞིན་བརྟན་པོ་རྒྱུན་འཁྱོངས་ཡོང་བཞིན་ཡོད་པའི”ངོས་འཛིན་བྱེད་ཀྱི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།