[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་། ཨུ་རུ་སུ། ལྷོ་ཨ་ཧྥེ་རི་ཁ་བཅས་རྒྱལ་ཁབ་གསུམ་གྱིས་ཁའེ་ཕུའུ་ཏུན་ལ་མཚོ་ཐོག་མཉམ་འབྲེལ་ནང་སྦྱོང་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-02

    684220_yis_1574829915850.jpg

     ཀྲུང་གོ་དང་། ཨུ་རུ་སུ། ལྷོ་ཨ་ཧྥེ་རི་ཁ་བཅས་རྒྱལ་ཁབ་གསུམ་གྱི་མཚོ་ཐོག་མཉམ་འབྲེལ་ནང་སྦྱོང་གི་འགོ་ཚུགས་མཛད་སྒོ་ཉེ་ཆར་ལྷོ་ཨ་ཧྥེ་རི་ཁའི་ཁའེ་ཕུའུ་ཏུན་གྲུ་ཁར་གཉེར་ཡོད། ད་ཐེངས་ཀྱི་མཉམ་འབྲེལ་ནང་སྦྱོང་ནི་ཀྲུང་གོ་དང་། ཨུ་རུ་སུ། ལྷོ་ཨ་ཧྥེ་རི་ཁ་བཅས་རྒྱལ་ཁབ་གསུམ་གྱི་མཚོ་དམག་གིས་ཨ་ཧྥེ་རི་ཁའི་ལྷོ་རྒྱུད་མཚོ་ཁོངས་སུ་མཚོ་ཐོག་མཉམ་འབྲེལ་ནང་སྦྱོང་བྱེད་ཐེངས་དང་པོ་དེ་ཡིན་པ་དང་། ནང་སྦྱོང་ལ་ཞུགས་མཁན་གྲས་སུ་ཀྲུང་གོའི་མཚོ་དམག་གི་ཝུའེ་ཧྥང་དམག་གྲུ་དང་། ཨུ་རུ་སུའི་མཚོ་དམག་གི“ཝུའུ་སེ་ཅི་ནོ་ཧྥུའུ་དམག་སྤྱི”རྟགས་ཅན་གྱི་མཚོ་སྐོར་དམག་གྲུ ལྷོ་ཨ་ཧྥེ་རི་ཁའི་མཚོ་དམག་གི“ཨ་མཱ་ཐུའོ་ལ”རྟགས་ཅན་གྱི་སྲུང་སྐྱེལ་དམག་གྲུ་སོགས་ཡོད་ཅིང་། 

    འདི་ནི་ལྷོ་ཨ་ཧྥེ་རི་ཁའི་ཁའེ་ཕུའུ་ཏུན་གྲུ་ཁར་ལྷོ་ཨ་ཧྥེ་རི་ཁའི་མཚོ་དམག་གིས་ཀྲུང་གོའི་མཚོ་དམག་གི་ཝུའེ་ཧྥང་དམག་གྲུར་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།