[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གསུམ་པའི་འོས་སྦྱོར་ཚོགས་འདུ་ཉིའུ་གཡོད་དུ་འཚོགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-02

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཉིའུ་གཡོད་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གསུམ་པའི་འོས་སྦྱོར་ཚོགས་འདུ་ཉིའུ་གཡོད་དུ་འཚོགས་ཤིང་། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་གནས་ཚུལ་ངོ་སྤྲོད་ཞིབ་ཕྲ་བྱས་པས་ཁེ་ལས་དང་སྒྲིག་གཞི་མང་པོས་ས་གནས་ས་ཐོག་ཏུ་འགྲེམས་སྟོན་ནང་ཞུགས་པའི་གན་རྒྱ་བཞག་ཡོད།

    ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཧྥུའུ་ཞུའེ་ཡིས། ནང་འདྲེན་དངོས་མང་སྟོན་ཚོགས་ནི“ཚང་མས་ཀྲུང་གོའི་ཁྲོམ་ར་ཤེས་རྟོགས་དང་། ཀྲུང་གོའི་ཁྲོམ་ར་མྱོང་ཚོར་བྱེད་པ། ཀྲུང་གོའི་ཁྲོམ་རར་མགྱོགས་མྱུར་ཞུགས་པ་དང་རྒྱ་སྐྱེད་གཏོང་བའི་ཕན་ཆེའི་ལས་སྟེགས་དང་གདམ་ག་ཡག་ཤོས”ཤིག་རེད། ཨ་རིའི་ཁེ་ལས་191ཟླ་འདིར་སྤེལ་བའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཞུགས་པ་དང་། འགྲེམས་ཞུགས་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་4.6ཟིན་པ། འདོད་མཐུན་ཚོང་འགྲིག་དངུལ་འབོར་ཨ་སྒོར་དུང་ཕྱུར་129.6ཟིན་ཡོད། མིག་སྔར་ཨ་རིའི་ཁེ་ལས་40ལྷག་ཙམ་གྱིས་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གསུམ་པར་ཞུགས་རྒྱུའི་མིང་ཐོ་བཀོད་པས་ཁེ་ལས་མང་པོས་འགྲེམས་ཞུགས་རྒྱ་ཁྱོན་ཆེ་རུ་བཏང་ཡོད།

    འོས་སྦྱོར་ཚོགས་འདུའི་ཐོག་ཨ་རིའི་ཚོང་ལས་ལས་རིགས་དང་། འབྲེལ་ཡོད་སྒྲིག་གཞི། སྨྱན་སྦྱོར་བཅས་ཀྱི་འཐུས་མི་བརྒྱ་ཙམ་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་འགྲེམས་འགུགས་ཚོགས་པས་ད་དུང་ཨ་རིའི་ཡིའུ་ཐ་ཀྲོའུ་ཡི་ཡན་ཧུའུ་གྲོང་དུ་འོས་སྦྱོར་བྱེད་པར་བསྐྱོད་རྒྱུ་དང་། དེ་རྗེས་ཁོ་སི་ཐ་རི་ཁ་དང་ཁུ་པར་བསྐྱོད་ནས་འགྲེམས་འགུགས་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།