[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཐུ་ནི་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཐུ་ནི་སིར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་གསར་པར་དགའ་བསུ་ཞུས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-07

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐུ་ནི་སི་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉེ་ཆར། ཐུ་ནི་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་བྱེད་སྒོ་སྤེལ་ནས་ཐུ་ནི་སིར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་24པར་དགའ་བསུ་ཞུས་པ་དང་དུས་མཚུངས་སྨན་བཅོས་རུ་ཁག་ཁག་23པ་ལས་འགན་མཇུག་འགྲིལ་ནས་རྒྱལ་ནང་དུ་ཕྱིར་ལོག་པར་ཕེབས་སྐྱེལ་ཡང་ཞུས་པ་རེད།

    ཐུ་ནི་སིའི་འཕྲོད་བསྟེན་པུའི་གཞུང་ལས་ཐིང་གི་ཀྲུའུ་རེན་ལུའུ་མུའུ་ཙན་ཉིས་དགའ་བསུ་ཞུ་བའི་མཛད་སྒོའི་ཐོག་ལོ་ངོ་40ཡི་རིང་ཐུ་ནི་སིར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ས་གནས་འདི་གར་དཀའ་སྤྱད་འབད་བརྩོན་བྱས་ནས། ཐུ་ནི་སིའི་མི་དམངས་ལ་སྨན་བཅོས་ཡག་པོ་བྱས་པ་དང་དུས་མཚུངས། ལོ་མང་རིང་ཀྲུང་གོས་ད་དུང་ཐུ་ནི་སིར་སྨན་བཅོས་ཡོ་ཆས་མང་པོ་མཁོ་འདོན་བྱས་ཡོད། དེས་མ་ཟད་ཐུ་ནི་སིའི་སྨན་དོན་མི་སྣ་དང་སྨན་བཅོས་དོ་དམ་མི་སྣ་གསོ་སྐྱོང་བྱས་པར་ཐུ་ནི་སི་སྲིད་གཞུང་གིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    ཐུ་ནི་སིར་རོགས་སྐྱོར་བྱེད་མཁན་ཅང་ཤིས་ཀྱི་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་23པ་2018ལོའི་ཟླ་11པར་དེ་གར་ལས་འགན་སྒྲུབ་པར་ཡོང་བ་དང་ལོ་གཅིག་རིང་སྒོ་བསྟེན་སྨན་བཅོས་ཐེངས་ཁྲི་8ལྷག་ཙམ་དང་གཤགས་བཅོས་ཐེངས་7000ལྷག་ཙམ་བྱས་པ་མ་ཟད། འོས་འགན་སྨན་བཅོས་ཐེངས་50ལྷག་ཙམ་བྱས་པར་ས་གནས་འདི་གའི་མི་དམངས་ཀྱི་བསྔགས་བརྗོད་ཟབ་མོ་ཐོབ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།