[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་ཁྭ་ལ་ལུམ་ཕུར་མི་སྟོང་གི་སྤྲོ་རྒྱུག་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-07

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁྭ་ལ་ལུམ་ཕུར་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། མ་ལེ་ཞི་ཡར་ཡོད་པའི་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་ལས་མི་དང་མ་ལེ་ཞི་ཡའི་ས་གནས་དེ་གའི་ལས་རིགས་ཁག་གི་མི་ཁྱོན་2500ལྷག་ཙམ་མ་ལ་ཞི་ཡའི་རྒྱལ་ས་ཁྭ་ལ་ལུམ་ཕུའི་སྣོད་བཅུད་སྤྱི་གླིང་དུ་མཉམ་འཛོམས་བྱས་ཏེ། ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་གཉེར་བའི“གྲོང་ཁྱེར་གྱི་སྤྲོ་རྒྱུག་འགྲན་བསྡུར”སྐབས་དང་པོར་ཞུགས་ཡོད།

    བྱེད་སྒོའི་གཙོ་གཉེར་ཕྱོགས་ཝན་ཁོ་མ་ལེ་ཞི་ཡ་ཀུང་སིའི་འགན་འཁུར་བ་ལེང་ཚུང་གིས་ངོ་སྤྲོད་བྱས་དོན། ད་རེས་ཀྱི“གྲོང་ཁྱེར་གྱི་སྤྲོ་རྒྱུག་འགྲན་བསྡུར”གྱི་སྙིང་པོ་ནི“བདེ་ཐང་ངང་རྒྱུག་ཤར་གློད་པ་དང་། སྤྲོ་སྣང་ངང་རྒྱུག་ཤར་གློད་པ། མཛའ་བརྩེའི་ངང་རྒྱུག་ཤར་གློད་པ”བཅས་ཡིན། བྱེད་སྒོ་དེ་འདྲ་སྤེལ་བ་བརྒྱུད“བདེ་ཐང”དང“མཉམ་ལས”ཀྱི་རིག་གནས་འདུ་ཤེས་དེ་མ་ཀྲུང་རྒྱལ་ཁབ་གཉིས་པོའི་ཁེ་ལས་དབར་གྱི་མཉམ་ལས་ཀྱི་ཕྱོགས་ཚང་མར་ཁྱབ་གདལ་གཏོང་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།