[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་དཔོན་རིགས་ཀྱིས་ཀྲུང་གོས་ཕྱོགས་མང་རིང་ལུགས་ལ་སྐུལ་འདེད་བཏང་བར་གདེང་འཇོག་ཡག་པོ་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-07

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ནེ་རོ་པི་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉིན་ཤས་གོང་། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡི་ལག་བསྟར་ཀྲུའུ་རེན་དབྱིང་ཨེ·ཨན་ནུའོ་ཧྲེང་གིས་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པིར་འཛམ་གླིང་ལ་དེ་བས་རྒྱ་ཆེ་བའི་ཕྱོགས་མང་རིང་ལུགས་དགོས་པས་ཀྲུང་གོས་ཕྱོགས་མང་རིང་ལུགས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་ཧུར་ཐག་འདོན་སྤེལ་བྱེད་བཞིན་ཡོད་ཅེས་བརྗོད།

    ཨན་ནུའོ་ཧྲེང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། འཛམ་གླིང་ལ་ཕྱོགས་མང་རིང་ལུགས་དགོས་པ་དང་། ལྷག་པར་དུ་ང་ཚོར་ད་ཆ་འཕྲད་པའི་ཁོར་ཡུག་གི་གནད་དོན་ནི་ཁེར་རྐྱང་གི་རྒྱལ་ཁབ་དང་ས་ཁོངས་ལ་ཚད་བཀག་བཟོས་པ་ཞིག་མིན་པར་དེའི་ཁྱབ་ཁོངས་དང་གཞི་ཁྱོན་ནི་གོ་ལ་ཧྲིལ་པོའི་རང་བཞིན་ཡིན་ལ། ནུས་ལྡན་གྱི་ཁ་གཏད་འཇལ་ཐབས་ཀྱང་གོ་ལ་ཧྲིལ་པོའི་རང་བཞིན་ཡིན་ངེས་རེད་ཅེས་བརྗོད།

    ཨན་ནུའོ་ཧྲེང་གིས“ཀྲུང་གོས་ཕྱོགས་མང་རིང་ལུགས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་ཧུར་ཐག་འདོན་སྤེལ་བྱེད་པ་མཐོང་སྐབས་རང་ཉིད་ཧ་ཅང་དགའ་པོ་བྱུང”ཞེས་བརྗོད་པ་དང་། ཁོང་གིས། ཀྲུང་གོ་ནི་གནམ་གཤིས་འགྱུར་ལྡོག་གི་ཉེན་ཁར་ཁ་གཏད་འཇལ་མཁན་གྱི་རྒྱལ་སྤྱིའི་རོགས་ཟླ་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་ཀྲུང་གོས་འཛམ་གླིང་ལ་ཐཱན་ཉུང་གི་འབྱུང་འགྱུར་གཏོད་པའི་ཞིབ་ཕྲའི་ཐབས་ལམ་བསྟན་ཡོད་ཅེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།