[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཧྥ་རན་སེར་འཚམས་འདྲི་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-22

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་རི་སི་ནས་ཟླ་10ཚེས་17ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྒྲིག་འཛུགས་བྱས་པའི་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཚེས་14ནས་17ཉིན་བར་ཧྥ་རན་སེར་འཚམས་འདྲི་བྱས་པ་རེད། དེའི་རིང་སྤེལ་རེས་ཚོགས་པས་ཧྥ་རན་སེའི་གྲོས་ཁང་གོང་མ་དང་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་མི་ཁག་གཅིག་ལ་སྤེལ་རེས་བྱས་པ་དང་ཡོ་རོབ་ཨུ་ཡོན་ལྷན་ཁང་སོགས་སྒྲིག་གཞིར་བཅར་ཞུ་བྱས་ཁར། ཡུལ་དེ་གའི་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་ཡང་བྱས་པ་རེད།

    ཚོགས་པ་དེ་ནི་བོད་རང་སྐྱོང་ལྗོངས་ཕྱི་ཕྱོགས་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱི་དྲུང་ཆེ་འཇིགས་མེད་དབང་མཚོས་ཚོགས་གཙོ་བྱས་པ་དང་དེའི་ཁོངས་མི་ནི་པེ་ཅིང་དང་བོད་ཀྱི་ལས་བྱེད་པ་དང་དེ་བཞིན་བོད་རིག་པའི་རིགས་གཅིག་མཁས་ཅན་དང་བོད་ལུགས་སྨན་པ་བཅས་རེད། སྤེལ་རེས་ཚོགས་པས་སྔ་རྗེས་སུ་ཧྥ་རན་སེའི་གྲོས་ཁང་གོང་མ་དང་རྒྱལ་དམངས་གྲོས་ཚོགས་ལ་བསྐྱོད་ནས་ཧྥ་རན་སེའི་གྲོས་ཁང་གོང་མའི་ཨུ་ཡོན་དང་གྲོས་མི་20ཙམ་ལ་བོད་ཀྱི་དམངས་འཚོ་ལེགས་གཏོང་དང་། རིག་གནས་འཛིན་སྐྱོང་སྤེལ་གསུམ། ཆོས་དད་རང་མོས་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད། ཁོང་ཚོས་སེམས་ཁུར་བྱེད་པའི་བོད་འབྲེལ་གནད་དོན་ཁ་ཤས་ལ་ལན་བཏབ་ནས་ཕ་རོལ་པོའི་གོ་འཛོལ་ཧུར་ཐག་བསལ་ཏེ་སྤེལ་རེས་ཀྱི་རྣམ་པ་ཟོལ་མེད་མཛའ་མཐུན་བྱུང་བ་རེད།

    སྤེལ་རེས་ཚོགས་པས་ཧྥ་རན་སེའི་སི་ཐེ་ལ་སི་པའོ་རུ་ཡོ་རོབ་ཨུ་ཡོན་ལྷན་ཁང་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་སྐྱོང་སྤྱི་ཁྱབ་སིའི་སི་ཀྲང་ཅི་ཡ་ཁུ་མོ་ཕུ་ལོ་སི་དང་མཇལ་འཛོམས་བྱས་ཏེ། ཕ་རོལ་པོར་ཀྲུང་གོས་བོད་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱས་པའི་ཉམས་མྱོང་ཁག་གཅིག་ངོ་སྤྲོད་བྱས་པ་དང་། ཕ་རོལ་པོས་ཀྲུང་གོས་མི་དམངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཐོབ་ཐང་ལ་འགན་སྲུང་བྱས་པའི་ཉམས་མྱོང་ཁག་གཅིག་ཡོ་རོབ་རྒྱལ་ཁབ་ཀྱིས་དཔྱད་གཞིར་འཛིན་རི་བའི་ངོས་འཛིན་བྱས་པ་རེད། སི་ཐེ་ལ་སི་པའོ་ཡི་ཧྲི་ཀྲང་གཞོན་པ་ན་ཝུའེ་ལེ་ཡིས་ཧྲི་ཀྲང་གི་ཚབ་ཞུས་ནས་གྲོང་སྲིད་ཚོམས་ཆེན་དུ་སྤེལ་རེས་ཚོགས་པར་སྤྲོ་སེམས་འཁོལ་བའི་ངང་སྣེ་ལེན་ཞུས་པ་དང་སྦྲགས། ཀྲུང་གོའི་བོད་ལྗོངས་དང་མཉམ་ལས་སྤེལ་རེས་བྱེད་པའི་འདོད་ཚུལ་ཡང་བསྟན་པ་རེད།

    འཚམས་འདྲི་བྱེད་རིང་། སྤེལ་རེས་ཚོགས་པས་ད་དུང་ཧྥ་རན་སེའི་གཙོ་རྒྱུན་སྨྱན་སྦྱོར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་པ་དང་། ཕ་རི་སིའི་གྲངས་འཛིན་དང་བརྒྱུད་སྤེལ་ཚོང་རིག་སློབ་གླིང་གི་དགེ་སློབ་རྣམས་ལ་བོད་ཀྱི་ཕྱོགས་ཁག་གི་གནས་ཚུལ་ངོ་སྤྲོད་ཀྱང་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།