[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་ཡོངས་ཀྱི་སོ་ནམ་ལུས་སྦྱོང་འགྲན་བསྡུར་ཆེ་མོ་སྐབས་བརྒྱད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-22

    671995_yis_1571632915418.jpg

     2019ལོའི་ཟླ་10ཚེས་19ཉིན། དུས་ཡུན་ཉིན་གཉིས་ཀྱི་2019ལོའི་ཀྲུང་གོའི་དབྱི་ཁྲུན་རྒྱལ་སྤྱིའི་སོ་ནམ་ལུས་སྦྱོང་གདན་ཞུའི་འགྲན་བསྡུར་དང་རྒྱལ་ཡོངས་ཀྱི་སོ་ནམ་ལུས་སྦྱོང་འགྲན་བསྡུར་ཆེ་མོ་སྐབས་བརྒྱད་པ་ཅང་ཤིས་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་ཀའོ་ཨན་གྲོང་ཁྱེར་པ་ཧྥུའུ་ལོ་་སྣོད་བཅུད་རོང་དུ་འཚོགས་པ་རེད།

    ད་རེས་ཀྱི་འགྲན་བསྡུར་ལ་ཕ་ཁི་སི་ཐན་དང་། ཨུ་རུ་སུ། ཧན་གོ ཐན་ཙན་ནི་ཡ། རྒྱ་གར། མོ་རོ་ཁོ། སི་རི་ལན་ཁ། བྷང་ག་ལ་སོགས་རྒྱལ་ཁབ་12ཀྱི་འཐུས་མི་རུ་ཁག་14ལས་གྲུབ་པའི་རྒྱལ་སྤྱིའི་ཚོགས་པ་དང་། ཞིང་ཆེན(གྲོང་ཁྱེར་དང་རང་སྐྱོང་ལྗོངས)19ཡི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཚོགས་པའི་འཐུས་མི་རུ་ཁག་21ཅང་ཤིས་ཞིང་ཆེན་གྱི་ཆུས་དང་གྲོང་ཁྱེར་ཁག་གི་འཐུས་མི་རུ་ཁག་11བཅས་འགྲན་བསྡུར་ལ་ཞུགས་ཡོད།

    ད་རེས་ཀྱི་འགྲན་བསྡུར་ཆེ་མོར་རླངས་འཁོར་ནས་ཆུ་གཏོར་ཏེ་ཐན་པ་འགོག་པ་དང་། གཡུལ་ཐང་ནས་འབྲུ་རིགས་བསྡུ་བ། མནའ་མ་ཁྲིད་ནས་མ་ཁྱིམ་དུ་ལོག་པ། མཉམ་དུ་ཤིང་གཏུབ་པ། ཆུ་རྫིང་ནས་ཉ་འཛིན་པ་སོགས་སོ་ནམ་གྱི་ཁྱད་ལྡན་ལུས་རྩལ་གྱི་རྣམ་གྲངས་6བཀོད་སྒྲིག་བྱས་ཡོད་ཅིང་། 

    འདི་ནི་སོ་ནམ་ལུས་རྩལ་འགྲན་བསྡུར་ལ་ཀྲུང་གོ་དང་ཕྱི་རྒྱལ་གྱི་བདམས་ཐོན་པས་དགའ་སྤྲོ་འཁོལ་པོས་འགྲན་བསྡུར་བྱེད་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།