[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨ་རབ་རྒྱལ་ཁབ་ཏུ་ཀྲུང་གོའི་རྩོམ་རིག་བརྩམས་ཆོས་ལ་དགའ་བསུ་ཐོབ་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-29

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁེ་རོ་ནས་ཟླ་8ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཨའེ་ཧ་མའེ་ཏེ·སའེ་དབྱི་ཏེ(རྒྱ་སྐད་ཀྱི་མིང་ལ་པའེ་ཤིན་ཞེས་འབོད་པ)ཡིས་བསྒྱུར་བའི་ཝང་ཞའོ་པོ་ཡི་ཚབ་མཚོན་བརྩམས་ཆོས《རྫོགས་ལྡན་དུས་རབས》ཞེས་པ་ཉེ་ཆར་ཨ་རབ་ཁུལ་དུ་དངོས་སུ་བྲིན་ཚོང་བྱེད་འགོ་ཚུགས་ཡོད། དེ་ཐོག་ནས་ཀྲུང་གོའི་དེང་རབས་དུས་ཀྱི་རྩོམ་རིག་བརྩམས་ཆོས་གཞན་ཞིག་ཨ་རབ་རྒྱལ་ཁབ་ཏུ་གྲུབ་འབྲས་ལྡན་པའི་ངང་འགྲེམས་སྤེལ་བྱས་པ་མཚོན་གྱི་ཡོད། མིག་སྔར་ཀྲུང་གོའི་དེང་རབས་དུས་ཀྱི་རྩོམ་པ་པོའི་བརྩམས་ཆོས་མི་ཉུང་བ་ཞིག་ཨ་རབ་ཀྱི་སྐད་ཡིག་ཏུ་བསྒྱུར་ནས་དཔེ་སྐྲུན་བྱས་ཤིང་། ཁྲེ་ཙེ་ཅན་དང་། ལིའུ་ཀྲེན་ཡུན། ཞུས་ཙེ་ཁྲེན་སོགས་རྩོམ་པ་པོའི་མིང་གྲགས་ཨ་རབ་ཀྱི་རྒྱལ་ཁམས་ཀུན་ཏུ་ཆོད་ཡོད།

    པའེ་ཤིན་ནི་ཉིང་ཞ་བློ་གྲོས་ཕོ་བྲང་གི་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སི་གཏོད་མཁན་གྱི་གྲས་ཤིག་ཡིན་པ་དང་། ཀུང་སི་དེས་ཀྲུང་གོའི་དཔེ་དེབ་ཨ་རབ་ཀྱི་སྐད་ཡིག་ཏུ་བསྒྱུར་ནས་དཔེ་སྐྲུན་བྱེད་ཀྱི་ཡོད། ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཀྲུང་གོའི་དེང་རབས་དུས་ཀྱི་རྩོམ་པ་པོ་60ལྷག་ཙམ་གྱི་བརྩམས་ཆོས་ཨ་རབ་ཀྱི་སྐད་ཡིག་ཏུ་བསྒྱུར་བ་དང་འབྲེལ་ཨ་རབ་ཀྱི་རྒྱལ་ཁབ་ཏུ་དཔེ་སྐྲུན་བྲིན་ཚོང་བྱས་པའི་གྲས་སུ་མོ་ཡན་དང་། ལིའུ་ཀྲེན་ཡུན། ཁྲེ་ཙེ་ཅན། ཞུས་ཧྭ། ཅ་ཕིང་ཨའོ་སོགས་ཀྲུང་གོར་སྐད་གྲགས་ཡོད་པའི་རྩོམ་པ་པོ་ཚུད་ཡོད། གཞན་ཡང་ཚའོ་ཝུན་ཤོན་སོགས་ཚུད་པའི་བྱིས་པའི་རྩོམ་རིག་གི་རྩོམ་པ་པོའི་བརྩམས་ཆོས་དང་དེ་བཞིན་བྱིས་པའི་རི་མོའི་དེབ་འགའ་ཞིག་ཀྱང་ཨ་རབ་ཀྱི་སྐད་ཡིག་ཏུ་བསྒྱུར་ནས་དཔེ་སྐྲུན་བྱས་ཡོད།

    པའེ་ཤིན་གྱིས་ལིའུ་ཀྲེན་ཡུན་གྱི《ཚིག་གཅིག་གིས་ཚིག་ཁྲིའི་གོ་ཆོད་པ》དང་། ཁྲེ་ཙེ་ཅན་གྱི《ཁེའར་ཀུ་ན་གཙང་པོའི་གཡས་ངོགས》 ཝང་ཀང་གི《དབྱིན་ཀེ་ལི་ཧྲེ》སོགས་ཨ་རབ་ཀྱི་པར་མ་བྲིན་ཁ་རྒྱུག་པོ་བྱུང་བ་དང་གཞན་ཡང་སུའུ་ཐུང་དང་ཡུ་གུར་རིགས་ཀྱི་རྩོམ་པ་པོ་ཨ་ཧྲེའི་བརྩམས་ཆོས་ལའང་དགའ་བསུ་ཐོབ་ཡོད་ཅེས་བརྗོད་པ་རེད།

    ཨ་རབ་ཀྱི་རྒྱལ་ཁབ་ཏུ་ཀྲུང་གོའི་དེང་རབས་དུས་ཀྱི་རྩོམ་རིག་བརྩམས་ཆོས་མང་པོ་མཐོང་རྒྱུ་ཡོད་པ་མ་ཟད། ད་དུང་ཀྲུང་གོའི་གསུང་རབ་རྩོམ་རིག་བརྩམས་ཆོས་མང་པོ་ཞིག་ཀྱང་མཐོང་རྒྱུ་ཡོད། ཧྲང་ཧའེ་ཡི་ཕྱི་རྒྱལ་སྐད་ཡིག་སློབ་ཆེན་གྱི་ཨ་རབ་སྐད་ཡིག་རྩོམ་རིག་གི་དགེ་རྒན་ཆེ་མོ་བ་ཝང་ཡིའུ་ཡུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར《ཞུན་ཙི》དང་། 《ལེ་ཙི》《ལའོ་ཙི》《ཀྲོང་ཙི》ལ་སོགས་ཀྱང་ཨ་རབ་ཀྱི་སྐད་ཡིག་ཏུ་བསྒྱུར་ནས་ཨ་རབ་རྒྱལ་ཁབ་ཏུ་དཔེ་སྐྲུན་འགྲེམས་སྤེལ་བྱས་ཡོད། ཁོང་གིས་བསྒྱུར་བའི《ཐབ་སྐོར་མཚན་གཏམ》སྔོན་དཔག་བྱས་ན་ལོ་འདིའི་ནང་དཔེ་སྐྲུན་བྱ་རྒྱུ་ཡིན་པ་རེད།

    ཨེ་ཅིབ་ཀྱི་ཨའེ་དབྱིན་ཞ་མུའུ་སི་སློབ་ཆེན་གྱི་རྒྱ་ཡིག་ཚན་ཁག་གི་དགེ་རྒན་ཆེ་མོ་བ་མུའུ་ཧོ་ཤིན·ཧྥའར་ཅ་ཉི་ཡིས《མངོན་བརྗོད》དང་། 《སྙན་ངག་གི་གཞུང》སོཌ་སྒྱུར་བའི་ལས་ལ་ཞུཌ་མྱོང་། ཀྲུང་གོའི་རྩོམ་རིག་ཞིབ་འཇུག་ལ་ཡུན་རིང་གཞོལ་བའི་ཡིག་སྒྱུར་མཁས་ཅན་ཁོང་གིས་ཀྲུང་གོའི་རིག་གཞུང་དང་བརྩམས་སྒྲུང་འབོར་ཆེན་ཞིག་ཨ་རབ་རྒྱལ་ཁམས་སུ་འོས་སྦྱོར་བྱས་དང་བྱེད་བཞིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།