[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཡིད་དབང་འཕྲོག་པའི་པེ་ཅིང”ཞེས་པའི་བྱེད་སྒོ་ལས་ཕོ་ལན་གྱི་དམངས་ཚོཌ་ཀྱིས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ལ་འབྲེལ་འདྲིས་ཟབ་མོ་ཐུབ་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-29

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝར་སོ་ནས་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་ཕོ་ལན་གྱི་རྒྱལ་ས་ཝར་སོར“ཡིད་དབང་འཕྲོག་པའི་པེ་ཅིང”ཞེས་པའི་པར་རིས་འགྲེམས་སྟོན་དང་སྤྱི་དམངས་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། རིག་རྩལ་འཁྲབ་སྟོན་དང་ཕུན་སུམ་ཚོགས་པའི་མཉམ་འགུལ་བྱེད་སྒོས་ཕོ་ལན་གྱི་དམངས་ཚོགས་ཀྱི་ཡིད་དབང་འཕྲོག་ནས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ལ་འབྲེལ་འདྲིས་དང་ཤེས་རྟོགས་ཟབ་མོ་བྱེད་པའི་གོ་སྐབས་ཐོབ་ཡོད་པ་རེད།

    “ཡིད་དབང་འཕྲོག་པའི་པེ་ཅིང”ཞེས་པའི་པར་རིས་འགྲེམས་སྟོན་དང་སྤྱི་དམངས་ཉིན་མོའི་བྱེད་སྒོ་དེ་ཝར་སོ་གྲོང་ཁྱེར་ལྟེ་གནས་ཀྱི་ཚོང་ལས་ལྟེ་གནས་ཆེ་གྲས་ཤིག་ཏུ་སྤེལ་ཡོད། པར་རིས་འགྲེམས་སྟོན་ནང་པར་ལེན་བརྩམས་ཆོས་40འགྲེམས་སྟོན་བྱས་པ་དེ“གོང་མའི་ཕོ་བྲང་ལྕཌ་རི་དང་། གནའ་གྲོང་། དེང་རབས། རིག་གནས”སོགས་ཀྱི་མཐོང་ལམ་ནས་པེ་ཅིང་གི་ལོ་རྒྱུས་གནའ་ཤུལ་དང་། དེང་རབས་ཅན། རིག་གནས་དང་འཚོ་བ་སོགས་ཀྱི་ངོས་མང་པོ་མཚོན་པར་བྱས་པ་དང་། ཕོ་ལན་གྱི་དམངས་ཚོགས་ཀྱི་ཡིད་དབང་འཕྲོག་སྟེ་མྱོང་རོལ་བྱེད་པ་དང་དྲན་རྟེན་པར་ཡང་རྒྱག་བཞིན་ཡོད་པ་རེད།

    སྤྱི་དམངས་ཉིན་མོའི་བྱེད་སྒོའི་ནང་ཀྲུང་གོའི་དྲག་རྩལ་དང་། ཀྲུང་གོའི་གནའ་རབས་ཞབས་བྲོ་འཁྲབ་སྟོན། དེ་བཞིན་རྒྱ་རིགས་ཀྱི་རྒྱན་གོས། ཇའི་སྒྱུ་རྩལ་ངོམ་སྟོན། ལག་བཟོས་ཅིང་ཅུས་ཟློས་གར་གྱི་གདོང་འབག ཀྲུང་གོའི་ཤོག་དྲས་རི་མོ་སོགས་ཚུད་པའི་མཉམ་འགུལ་བྱེད་སྒོས་ཕོ་ལན་གྱི་དམངས་ཚོགས་ཀྱིས་མྱོང་ཚོར་དངོས་ཀྱི་ཐོག་ནས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཤེས་རྟོགས་ཐུབ་རྒྱུར་རྩ་ཆེའི་གོ་སྐབས་སྦྱིན་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།