[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་འབར་མའི་ཀྲུང་ལུགས་གསོ་རིག་ལྟེ་གནས་འབར་མར་སྒོ་བྱང་བཀལ་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-29

    ཤིན་ཧྭ་གསར་འགྱུར་ཁང་འབར་མའི་གྲོང་ཁྱེར་མན་ཏེ་ལེ་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཀྲུང་གོ་དང་འབར་མའི་ཀྲུང་ལུགས་གསོ་རིག་ལྟེ་གནས་ཚེས་27ཉིན་འབར་མའི་གྲོང་ཁྱེར་ཆེ་གྲས་གཉིས་པ་མན་ཏེ་ལེར་སྒོ་བྱང་བཀལ་བ་དང་ལྟེ་གནས་དེས་ཀྲུང་ལུགས་གསོ་རིག་དང་འབར་མའི་སྲོལ་རྒྱུན་གསོ་རིག་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

    ཉིན་དེའི་སྒོ་བྱང་འགེལ་བའི་མཛད་སྒོའི་ཐོག་ཡུན་ནན་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་ཞའོ་ཀྲང་གཞོན་པ་ལི་ཧྲེ་ཧུའེ་ཡིས་ཡུན་ནན་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱིས་འབར་མའི་འབྲེལ་ཡོད་སྒྲིག་གཞི་དང་མཉམ་དུ་ཀྲུང་གོ་དང་འབར་མའི་ཀྲུང་ལུགས་གསོ་རིག་ལྟེ་གནས་ལ་བརྟེན་ནས་སྲོལ་རྒྱུན་གྱི་གསོ་རིག་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བཤད།

    མཛད་སྒོའི་ཐོག་འབར་མའི་འཕྲོད་བསྟེན་དང་ལུས་རྩལ་པུའི་སྲོལ་རྒྱུན་གསོ་རིག་སིའི་སི་ཀྲང་མོ་རུའེ་ཡིས་འབར་མའི་སྲོལ་རྒྱུན་གྱི་གསོ་རིག་ལ་ལོ་རྒྱུས་ཡུན་རིང་ལྡན་པས་ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་དེའི་ནང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་གཉིས་པོས་ཀྲུང་གོ་དང་འབར་མའི་ཀྲུང་ལུགས་གསོ་རིག་ལྟེ་གནས་བརྒྱུད་སྲོལ་རྒྱུན་གྱི་གསོ་རིག་ཞིབ་འཇུག་དང་། གསོ་སྦྱོང་། སྨན་བཅོས་བཅས་ཐད་མཉམ་ལས་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།