[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རུ་ཝང་ཏའི་དཔོན་རིགས་ཀྱིས་ཀྲུང་གོ་འདི་ཉིད་རུ་ཝང་ཏའི་འཕེལ་རྒྱས་ཀྱི་ངོས་ནས་བརྗོད་ན་འཐབ་ཇུས་རང་བཞིན་གྱི་དོན་སྙིང་ལྡན་ཡོད་ཅེས་བརྗོད་པ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-13

    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རུ་ཝང་ཏ་འཕེལ་རྒྱས་ཧྲུའི་ཧྲུའུ་ཀྲང་ཁེ་ལར·ཨ་ཁ་མན་ཆིས་རྒྱལ་ས་ཁི་ཀ་ལིར་ཀྲུང་གོ་འདི་ཉིད་རུ་ཝང་ཏའི་འཕེལ་རྒྱས་ཀྱི་ངོས་ནས་བརྗོད་ན་འཐབ་ཇུས་རང་བཞིན་གྱི་དོན་སྙིང་ལྡན་ཡོད་པས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་མི་མངོན་པའི་ནུས་པ་ཧ་ཅང་ཆེན་པོ་ལྡན་ཡོད་ཅེས་བརྗོད་པ་རེད།

    ཉེ་ཆར། ཨ་ཁ་མན་ཆི་རུ་ཝང་ཏའི་སྒེར་གཉེར་སྡེ་ཚན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་རྒྱལ་སྤྱིའི་ཚོང་དོན་གླེང་སྟེགས་ལ་ཞུགས་པ་དང་། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་གིས་རུ་ཝང་ཏའི་འཕེལ་རྒྱས་ཀྱི་འཕེལ་རིམ་དང་ཀྲུང་གོ་དང་མཉམ་ལས་བྱ་རྒྱུ་འབྲེལ་བ་དམ་ཟབ་ཡོད་པས་ཕྱོགས་གཉིས་པོའི་མཉམ་ལས་ལ་མི་མངོན་པའི་ནུས་པ་ཧ་ཅང་ཆེན་པོ་ལྡན་ཡོད་ཅེས་བརྗོད་པ་རེད།

    ཨ་ཁ་མན་ཆིས་མ་འཇོག་དང་། གསར་གཏོད། བཟོ་སྐྲུན་ལས་རིགས། ཡུལ་སྐོར་ལས་རིགས་སོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ཐད་ཀྲུང་གོར་སྟོབས་ཤུགས་ཆེན་པོ་ལྡན་ཡོད། རུ་ཝང་ཏས་ཞིང་ལས་ཐོན་རྫས་ལས་སྣོན་དང་། འཁེལ་འཐག་དང་གྱོན་ཆས། འཛུགས་སྐྲུན་རྒྱུ་ཆ། འཛད་སྤྱོད་ཐོན་རྫས་དང་གློག་རྡུལ་ཐོན་རྫས་སྒྲིག་སྦྱོར་སོགས་ཀྱི་ཁྱབ་ཁོངས་སུ་ཀྲུང་གོས་མ་འཇོག་བྱེད་རྒྱུའི་རེ་བ་ཡོད་ལ། ཀྲུང་གོའི་ཡུལ་སྐོར་བ་དེ་བས་མང་བ་ཡུལ་སྐོར་དུ་ཡོང་རྒྱུའི་ཡིད་དབང་འགུགས་པ་དང་ཀྲུང་གོར་ཚོང་ཟོག་ཕྱིར་གཏོང་བྱེད་མང་དུ་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    རུ་ཝང་ཏའི་ཙུང་ཐུང་པའོ་ལོ·ཁ་ཅ་མེ་སོགས་དཔོན་རིགས་མང་པོ་གླེང་སྟེགས་ནང་ཞུགས་ཡོད་པ་རེད། གླེང་སྟེགས་ཀྱིས་ཀྲུང་གོའི་ཁེ་ལས་མཁས་ཅན་50ཙམ་ཚུད་པའི་རྒྱལ་ཁབ་23ནས་ཡིན་པའི་འཐུས་མི་700ལྷག་ཙམ་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་པ་རེད།

    རུ་ཝང་ཏར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་རའོ་ཧུང་ཝེས་གླེང་སྟེགས་ཐོག་ཤིས་ཚིག་བརྗོད་སྐབས་རུ་ཝང་ཏ་ནི་མ་འཇོག་ཚོང་གཉེར་བྱ་ཡུལ་ཡག་ཤོས་ཤིག་ཡིན་པས་ཚོགས་ཞུགས་ཀྲུང་གོའི་ཁེ་ལས་ཀྱིས་ས་གནས་དེ་གའི་ཁེ་ལས་དང་མཉམ་ལས་བྱས་ཏེ་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་དར་རྒྱས་ཡོང་བ་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།