[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2019ལོའི“ཀྲུང་རིའི་གཞུང་ཚབ་ཆེ་མོ་བ་ཆུང་ཆུང”གི་བྱེད་སྒོའི་དགའ་བསུའི་ཚོགས་འདུ་རི་པིན་དུ་འཚོགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-12

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐོ་ཁེའོ་ནས་ཟླ་7ཚེས་9ཉིན་གློག་འཕྲིན་འབྱོར་གསལ། རི་པིན་ཡུང་དབང་1%སྤྲོ་སྐྱིད་ཁང་གིས་གཉེར་བའི“རི་པིན་དང་ཀྲུང་གོའི་གཞོན་ནུ་ལོ་ཆུང་གི་གཞུང་ཚབ་ཆེ་མོ་བ”(ཀྲུང་རིའི་གཞུང་ཚབ་ཆེ་མོ་བ་ཆུང་ཆུང)ཡི་བྱེད་སྒོ་སྐབས་11པའི་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཆུང་ཆུང་ལ་དགའ་བསུ་ཞུ་བའི་ཚོགས་འདུ་ཚེས་9ཉིན་རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དུ་འཚོགས་པ་རེད།

    འདི་ལོ་ནི“ཀྲུང་རིའི་གཞོན་ནུ་ལོ་ཆུང་གི་སྤེལ་རེས་སྐུལ་གཏོང་ལོ”ཡིན་ཞིང་། སྐབས་འདིའི“ཀྲུང་རིའི་གཞུང་ཚབ་ཆེ་མོ་བ་ཆུང་ཆུང”གི་བྱེད་སྒོར་མཐོ་རིམ་སློབ་འབྲིང་14ཡི་སློབ་མ་140ཞུགས་པའི་ཁྲོད་ཀྲུང་གོའི་པེ་ཅིང་གྲོང་ཁྱེར་དང་། ཝུའུ་ཧན་གྲོང་ཁྱེར། སུའུ་ཀྲོའུ་གྲོང་ཁྱེར་བཅས་ཀྱི་མཐོ་རིམ་སློབ་འབྲིང་7གྱི་སློབ་མ་70དང་དེ་བཞིན་རི་པིན་གྱི་པེ་ཧའེ་ཏའོ་དང་། ཐོ་ཁེའོ། ཚེ་ཁྲེང་རྫོང་། ཨའེ་ཀྲི་རྫོང་། སན་ཁྲུང་རྫོང་བཅས་ཀྱི་མཐོ་རིམ་སློབ་འབྲིང་7གྱི་སློབ་མ་70ཡོད་པ་རེད།

    དུས་ཡུན་ཉིན་8ཀྱི་སྤེལ་རེས་བྱེད་སྒོ་ཆ་ཤས་གཉིས་སུ་དབྱེ་བ་དང་ཆ་ཤས་གོང་མས“དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་མཐུན་སྦྱོར”བརྗོད་དོན་གཙོ་བོར་བྱེད་པ་དང་རི་པིན་གྱི་ལག་རྩལ་གསར་ཤོས་དང་ཐོན་ཁུངས་འཁོར་སྐྱོད་སྒྲིག་བཀོད་ལ་ལྟ་སྐོར། ཆ་ཤས་རྗེས་མ་ནི་ཀྲུང་གོའི་སློབ་མ་རི་པིན་གྱི་སློབ་གྲོགས་ཁྱིམ་དུ་ཞག་སྡོད་བྱས་ནས་རི་པིན་གྱི་ཁྱིམ་ཚང་འཚོ་བ་དང་རི་པིན་གྱི་མཐོ་རིམ་སློབ་འབྲིང་གི་སློབ་ཚན་ཉམས་ལེན་བྱེད་རྒྱུ་དེ་རེད། ཟླ་10པར་རི་པིན་གྱི་མཐོ་རིམ་སློབ་འབྲིང་སློབ་མས་ཀྲུང་གོར་འཚམས་འདྲི་བྱ་རྒྱུ་རེད།

    དེ་ཉིན་དགོང་མོ“ཀྲུང་རིའི་གཞུང་ཚབ་ཆེ་མོ་བ་ཆུང་ཆུང”གིས《ཀྲུང་རིའི་འབྱུང་འགྱུར་གྱི་མཛའ་གྲོགས་བསྒྲགས་གཏམ》སྤེལ་ཏེ་སྒོ་དབྱེའི་རྣམ་པར་བརྟེན་ནས་སྤེལ་རེས་ཧུར་ཐག་བྱེད་པ་དང་དམངས་ཁྲོད་ཀྱི་སྤེལ་རེས་དང་མཉམ་ལས་ཀྱི་གོ་སྐབས་མཁོ་འདོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཛམ་གླིང་གི་མིག་དཔེར་གྱུར་པར་བྱས་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་ཡིན་པ་མཚོན་པར་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།