[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ལོ་སི་ཏང་གཉིས་ཀྱི་རིགས་གཞུང་བགྲོ་གླེང་ཚོགས་འདུ་ཐེངས་བརྒྱད་པ་ཞ་མོན་དུ་འཚོགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-11

     ཟླ་7ཚེས་9ཉིན། “ཀྲུང་ལོ་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ཆོས་ཉིད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོ་དང་ལོ་སི་ཏང་གཉིས་ཀྱི་རིགས་པའི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་ཐེངས་བརྒྱད་པ་ཧྥུའུ་ཅན་ཞ་མོན་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཧོང་ཁུན་མིང་དང་། ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཀྲན་ཤིས། ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཅི་ཆའོ་བཅས་འགོ་ཚུགས་མཛད་སྒོར་ཕེབས་ཡོད་པ་རེད།

    གཙོ་དོན་སྙན་སྒྲོན་གནང་སྐབས། ཧོང་ཁུན་མིང་གིས་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་བྱེད་ཟབ་ཏུ་གཏོང་རྒྱུ་ནི་ཀྲུང་གོ་དང་ལོ་སི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་མི་སྣའི་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ཞིག་རེད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་རླབས་ཆེའི་ལོ་རྒྱུས་ཀྱི་ལམ་བུའི་ནང་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཆེད་འཚོལ་ཞིབ་ཧུར་ཐག་བྱས་པས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ངོ་བོའི་ཁ་ཕྱོགས་དང་། འཕེལ་རྒྱས་གཏོང་སྟངས། རྩ་བའི་ལས་འགན། མདུན་སྐྱོད་ཀྱི་སྒུལ་ཤུགས། བྱེད་པོའི་སྟོབས་ཤུགས། ཆབ་སྲིད་འགན་ལེན་སོགས་ཀྱི་ཐད་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གྲུབ་ཡོད། འབྱུང་འགྱུར་གྱི་རྒྱང་སྐྱོད་ལམ་བུའི་ཐོག་ཀྲུང་གོའི་ཏང་དང་རྒྱལ་ཁབ་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་འཚོལ་ཞིབ་དང་ལག་ལེན་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཧུར་ཐག་ཡོང་བ་བྱེད་རྒྱུ་རེད་ཅེས་གསུངས་པ་རེད།

    གཙོ་དོན་སྙན་སྒྲོན་གནང་སྐབས། ཀྲན་ཤིས་ཀྱིས་ལོ་སིའི་མི་དམངས་གསར་བརྗེ་ཏང་འཛུགས་སྐྱོང་བྱེད་རྒྱུ་དེ་སྤྱི་ཚོགས་རིང་ལུགས་ཀྱི་མི་དམངས་དམངས་གཙོའི་ལམ་ལུགས་ཕྱོགས་སུ་བསྐྱོད་བཞིན་པའི་ཉམས་མྱོང་ཞིག་ཡིན་པ་ངོ་སྤྲོད་གནང་ཞིང་། ཁོང་གིས་ལོ་སིས་ཀྲུང་གོ་དང་མཉམ་དུ་རྒྱ་ཁྱབ་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་བྱས་ཏེ་ལོ་ཀྲུང་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་བྱ་སྤྱོད་འཆར་གཞི་ཐུན་མོང་ཐོག་དོན་འཁྱོལ་ཡག་པོ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།