[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་དམིགས་བསལ་དབུ་ཚོགས་ཐོག་ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོའི་རང་མོས་ཚོང་དོན་ཁུལ་བཙུགས་པ་དངོས་སུ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-11

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ནི་ཡ་མེ་ནས་ཟླ་7ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན། ཨ་ཧྥེ་རི་ཁའི་མནའ་འབྲེལ་ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོའི་རང་མོས་ཚོང་དོན་ཁུལ་གྱི་དམིགས་བསལ་དབུ་ཚོགས་ནི་ཀྲེར་གྱི་རྒྱལ་ས་ནི་ཡ་མེར་འཚོགས་པ་དང་ཚོགས་འདུའི་ཐོག་ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོའི་རང་མོས་ཚོང་དོན་ཁུལ་བཙུགས་པ་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད།

    ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་ཀྱིས་འགོ་འཛུགས་མཛད་སྒོའི་ཐོག་ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོའི་རང་མོས་ཚོང་དོན་ཁུལ་འདི་ཉིད་འཛམ་གླིང་གི་རང་མོས་ཚོང་དོན་ཁུལ་ཆེ་ཤོས་ཀྱི་གྲས་ཤིག་ཏུ་འགྱུར་རྒྱུ་རེད། རང་མོས་ཚོང་དོན་ཁུལ་བསྐྲུན་པར“ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་ཁག་དབར་གླེང་མོལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཁག་དབར་གྱི་དཔལ་འབྱོར་གསབ་རེས་རང་བཞིན་འགན་ལེན་བྱེད་པ་དང་འབྲེལ་མ་འཇོག་ཁོར་ཡུག་དེ་བས་ལེགས་པ་གཏོད་དགོས་”ཞེས་བརྗོད་པ་རེད།

    ནི་ཀྲེར་གྱི་ཙུང་ཐུང་དབྱི་སུའོ་ཕུའུ་ཡིས་འགོ་འཛུགས་མཛད་སྒོའི་ཐོག“ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོའི་རང་མོས་ཚོང་དོན་ཁུལ་བསྐྲུན་རྒྱུ་ནི་ཨ་ཧྥེ་རི་ཁའི་མནའ་འབྲེལ་བཙུགས་ཚུན་གྱི་དོན་ཆེན་གལ་ཆེ་ཤོས་དེ་རེད”རང་མོས་ཚོང་དོན་ཁུལ་འཕེལ་རྒྱས་བཏང་ནས“ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོའི་དཔལ་འབྱོར་གྱི་མངོན་མེད་སྟོབས་ཤུགས་སྔར་བས་འཕེལ་བར་བྱེད་པ་དང་ཐོན་ཁུངས་གསར་སྤེལ་ལ་སྐུལ་འདེད་བཏང་སྟེ་ལས་ཞུགས་གོ་སྐབས་དེ་བས་མང་བ་གཏོད་རྒྱུ་རེད”ཅེས་བརྗོད་པ་རེད།

    ཨ་ཧྥེ་རི་ཁའི་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅིས་ཤིས་ཚིག་བརྗོད་སྐབས་ནི་ཀྲེ་རི་ཡ་དང་པེ་ནི་ན་རྒྱལ་ཁབ་གཉིས་དབར་ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོའི་རང་མོས་ཚོང་དོན་ཁུལ་གྱི་གྲོས་མཐུན་ལ་དངོས་སུ་མིང་རྟགས་བཀོད་པའི་ཁྱབ་བསྒྲགས་བྱས་པ་རེད།

    ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོའི་རང་མོས་ཚོང་དོན་ཁུལ་གྱི་གྲོས་མཐུན་དེ་ཟླ་5ཚེས་30ཉིན་ནས་དངོས་སུ་གོ་ཆོད་པ་དང་མིག་སྔའི་བར་ཨ་ཧྥེ་རི་ཁའི་ཁོངས་མི་55ཡི་ཁྲོད་ནས་ཨེ་རི་ཐྲེ་ཡ་ཕུད། ཁོངས་མི་54ཡིས་གྲོས་མཐུན་ལ་མིང་རྟགས་བཀོད་པའི་ནང་ཁོངས་མི་27གྱིས་རྒྱལ་ཁབ་དེ་གའི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གོ་རིམ་ལྟར་གྲོས་མཐུན་ལ་ཆོག་མཆན་སྤྲད་རྗེས་ཨ་ཧྥེ་རི་ཁའི་མནའ་འབྲེལ་ཨུ་ཡོན་ལྷན་ཁང་ལ་གྲོས་མཐུན་གྱི་ཆོག་མཆན་བཀོད་པའི་ཡི་གེ་ཕུལ་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།