[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མུའུ་ཉི་ཧེ་ཁུང་ཙི་སློབ་གླིང་གིས་སློབ་གྲྭ་བཙུགས་ནས་ལོ་བཅུ་འཁོར་བར་རྟེན་འབྲེལ་ཞུས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-11

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མུའུ་ཉི་ཧེ་ནས་ཟླ་7ཚེས་5ཉིན་གློག་འཕྲིན་འབྱོར་གསལ། འཇར་མན་མུའུ་ཉི་ཧེ་ཁུང་ཙི་སློབ་གླིང་གིས་ཚེས་5ཉིན་མུའུ་ཉི་ཧེ་རུ་མཛད་སྒོ་འཚོགས་ཏེ་སློབ་གྲྭ་བཙུགས་ནས་ལོ་བཅུ་འཁོར་བར་རྟེན་འབྲེལ་ཞུས་ཤིང་། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་དཔོན་རིགས་དང་ཁེ་ལས་ཀྱི་འཐུས་མི་སོགས་མི་བརྒྱ་ཙམ་མཛད་སྒོར་ཞུགས་པ་རེད།

    མུའུ་ཉི་ཧེ་ཁུང་ཙི་སློབ་གླིང་འཇར་མན་ཕྱོགས་ཀྱི་ཡོན་ཀྲང་ཀའོ་ཧྥང་ཧྥང་གིས་གསར་འགོད་པར་བརྗོད་དོན། འདས་ཟིན་པའི་ལོ་བཅུའི་རིང་། མུའུ་ཉི་ཧེ་ཁུང་ཙི་སློབ་གླིང་དེ་མེད་པ་ནས་ཡོད་པའི་བར་དང་། ཆུང་བ་ནས་ཆེ་བའི་བར་འཕེལ་རྒྱས་བྱུང་བ་མ་ཟད། མི་མང་པོ་ཞིག་གི་དགའ་བསུ་དང་ཁས་ལེན་ཐོབ་བཞིན་ཡོད། སླད་ཕྱིན་མུའུ་ཉི་ཧེ་ཁུང་ཙི་སློབ་གླིང་གིས་སྔར་བཞིན་རྒྱ་ཡིག་སློབ་ཁྲིད་དང་རིག་གནས་ཁྱབ་གདལ་དུས་མཉམ་དུ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་འཇར་མན་དང་ཀྲུང་གོ་རྒྱལ་ཁབ་གཉིས་དབར་གྱི་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་ཀྱི་དམངས་སེམས་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་རྒྱུ་ཡིན།

    ངོ་སྤྲོད་བྱས་པར་གཞིགས་ན། མུའུ་ཉི་ཧེ་ཁུང་ཙི་སློབ་གླིང་ནི་2009ལོར་བཙུགས་པའི་མུའུ་ཉི་ཧེ་ཁུང་ཙི་སློབ་ཁང་དེ་ཡིན་པ་དང་། ལོ་བཅུའི་རིང་རིམ་བཞིན་མུའུ་ཉི་ཧེ་དང་མཐའ་འཁོར་ས་ཁུལ་གྱིས་རྒྱའི་སྐད་ཡིག་དང་ཀྲུང་གོའི་རིག་གནས་ཁྱབ་གདལ་གཏོང་བའི་ལྟེ་བའི་སྒྲིག་གཞིར་གྱུར་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།