[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོའི་རིག་གནས་ཡུལ་སྐོར་མཚན་མོ”ཡི་ཁྱབ་སྤེལ་བྱེད་སྒོ་ལོ་སིའི་ཝན་ཐེན་དུ་སྤེལ་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-12

    “ཀྲུང་གོ་དང་ལོ་སིའི་ཡུལ་སྐོར་ལོའི”བྱེད་སྒོའི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུའུ་དང་། ལོ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་། ལོ་སིའི་གསར་འགྱུར་རིག་གནས་ཡུལ་སྐོར་པུའུ་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི“ཀྲུང་གོའི་རིག་གནས་ཡུལ་སྐོར་མཚན་མོའི”ཁྱབ་སྤེལ་བྱེད་སྒོ་ཚེས་9ཉིན་ལོ་སིའི་ཝན་ཐེན་རྒྱལ་ཁབ་རིག་གནས་ཕོ་བྲང་དུ་གྲུབ་འབྲས་ཐོབ་པའི་ངང་སྤེལ་བ་རེད།

    ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུའི་པུའུ་ཀྲང་གཞོན་པ་ཀྲང་ཤུས་དང་། ལོ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཅང་ཙའེ་ཏུང་། ལོ་སིའི་གསར་འགྱུར་རིག་གནས་ཡུལ་སྐོར་པུའི་པུའུ་ཀྲང་པོའོ་ཞན་ཁན། པུའུ་ཀྲང་གཞོན་པ་དབུན་ཐུན་བཅས་དང་དེ་བཞིན་ལོ་སིའི་འབྲེལ་ཡོད་པུའུ་ཨུད་ཀྱི་འགོ་ཁྲིད་དང་ལོ་སིར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་པ་སོགས་ལས་རིགས་ཁག་གི་སྐུ་མགྲོན་ཁྱོན་མི་1200ལྷག་ཙམ་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།