[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨ་རིའི་མཐོ་སློབ་མང་པོས་ཀྲུང་གོའི་སློབ་མ་དང་མཁས་དབང་ལ་དགའ་བསུ་ཞུ་རྒྱུའི་རྣམ་འགྱུར་བསྟན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-12

    ཕྱི་རྒྱལ་དུ་བཅའ་སྡོད་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཕྱོགས་བསྡུས་གནས་ཚུལ་སྤེལ་བར། ཨ་རིའི་མཐོ་སློབ་མང་པོའི་འགན་ཁུར་བས་ཉེ་ཆར་སྔར་རྒྱུན་གཞིར་བཞག་གི་མཛའ་གྲོགས་ཁོར་ཡུག་བཏོད་དེ་ཀྲུང་གོའི་སློབ་མ་དང་མཁས་དབང་ལ་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་དང་། ཁོང་ཚོས་ཨ་རིའི་འབྲེལ་ཡོད་ཚོད་འཛིན་བྱེད་ཐབས་ཀྱིས་རྒྱལ་སྤྱིའི་སློབ་ཁུངས་ཉུང་དུ་འགྲོ་བ་དང་རིག་གཞུང་ཚན་ཞིབ་བྱེད་སྒོར་ཤུགས་རྐྱེན་ཐེབས་པའི་སེམས་ཁྲལ་བྱེད་བཞིན་ཡོད་པ་རེད།

    ཀྲི་ཅ་ཀོ་སློབ་ཆེན་གྱི་སློབ་སྤྱི་ལུའོ་པོ་ཐེ·ཆི་མོ་ཡིས་ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ཀྲི་ཅ་ཀོ་སློབ་ཆེན་གྱིས་ཀྲུང་གོའི་སློབ་མ་དང་མཁས་དབང་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་དང་ཀྲུང་གོའི་སློབ་ཆེན་དང་ཁྱབ་ཁོངས་མང་པོའི་མཉམ་ལས་བྱེད་པ་དེས་རིག་གནས་མི་འདྲ་བ་ཤེས་རྟོགས་བྱ་རྒྱུར་ཕན་ཐོགས་ཡོད་པ་དང་དེ་ཨ་ཀྲུང་རྒྱལ་ཁབ་གཉིས་པོར་གལ་འགངས་ཧ་ཅང་ཆེན་པོ་ལྡན་ཡོད་ཅེས་བརྗོད་པ་རེད།

    དབྱི་ལི་ནུའོ་དབྱི་སློབ་ཆེན་གྱི་ཨེ་པ་ན—ཧྲང་ཕེ་ཨེན་ཡན་ལག་སློབ་གྲྭའི་སློབ་དོན་ཀྲང་གཞོན་པ་ཁེ་ཝུན·ཕི་ཚེས་ཚེས་7ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ཀྲུང་གོ་ནི་སློབ་གྲྭ་དེའི་རྒྱལ་སྤྱིའི་སློབ་མའི་ཡོང་ཁུངས་ཆེ་ཤོས་དེ་ཡིན་པ་དང་ཀྲུང་གོའི་སློབ་མས་སློབ་གྲྭའི་རིག་གཞུང་གི་སྔོན་ཁྲིད་གནས་བབ་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། “ང་ཚོས་མུ་མཐུད་འབད་བརྩོན་བྱས་ཏེ་ང་ཚོའི་སློབ་གླིང་དེ་ཀྲུང་གོའི་སློབ་མར་དགའ་བསུ་ཞུ་ཡུལ་ཞིག་ཏུ་གྱུར་རྒྱུའི་འགན་ལེན་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།

    སྨི་ཤེར་ཀེན་སློབ་ཆེན་གྱི་སློབ་དོན་འགོ་འཛིན་གཞོན་པ་ཀྲེན་མུའུ་སི·ཧུའོ་ལུའོ་ཝེ་ཡིས་ཚེས་6ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་མིག་སྔར་སློབ་གྲྭ་དེའི་རྒྱལ་སྤྱིའི་སློབ་མ་ཕྱེད་ཀ་ཙམ་ནི་ཀྲུང་གོ་བ་ཡིན་པ་དང་རྒྱལ་སྤྱིའི་སློབ་མས་སློབ་གྲྭར་བསམ་བཀོད་དང་བསམ་པའི་གསོན་ཤུགས་སྣ་ཚོགས་སྦྱིན་ཡོད། “རྒྱལ་སྤྱིའི་ཕུལ་བྱུང་ཤེས་ལྡན་པ་ཉུང་དུ་ཕྱིན་པ་དེས་སློབ་གྲྭའི་སློབ་གཉེར་དང་ཚན་ཞིབ་ཁོར་ཡུག་ལ་གནོད་འཚེ་བཟོས་ནས་ཤེས་བྱ་གསར་པ་འཕེལ་རྒྱུར་དེ་བས་དཀའ་ངལ་འཕྲད་ཡོད”ཅེས་བརྗོད་པ་རེད།

    མ་ལི་ལན་སློབ་ཆེན་གྱི་སློབ་སྤྱི་ལུའུ་ཏའོ་ཁུའེ་ཡིས་ཨ་རིའི་མཐོ་སློབ་ཀྱི་ཚན་རིག་དང་། ལག་རྩལ། ལས་གྲྭ ཨང་རྩིས་རིག་ཚན་བཅས་ཀྱི་འབུམ་རམས་པའི་སློབ་གནས་ཐོབ་མཁན་ཁྲོད་ཀྱི་ཕྱེད་ཀ་ཡན་ནི་རྒྱལ་སྤྱིའི་སློབ་མ་ཡིན་པ་དེའི་ནང་གི་བཅུ་ཆ་གསུམ་ནི་ཀྲུང་གོ་ནས་རེད། གལ་ཏེ་རྒྱལ་སྤྱིའི་སློབ་མ་མེད་ཚེ་གོང་གསལ་གྱི་རིག་ཚན་ཁྲོད་ཨ་རིའི་ལེགས་ཆ་ཤོར་སྲིད་ཅེས་བསྟན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།