[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་ཨ་ཧྥེ་རི་ཁར་རོགས་སྐྱོར་བྱས་པའི“གྲོང་ཁྲིར་ཤར་གཏོང”གི་ཀག་ནའི་རྣམ་གྲངས་ལས་མཇུག་འགྲིལ་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-15

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་ཁ་ར་ནས་ཟླ་5ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོས་ཨ་ཧྥེ་རི་ཁར་རོགས་སྐྱོར་བྱས་པའི“གྲོང་ཁྲིར་ཤར་གཏོང”གི་ཀག་ནའི་རྣམ་གྲངས་ཚེས་10ཉིན་ལས་མཇུག་འགྲིལ་བའི་ཁྱབ་བསྒྲགས་བྱས་པ་དང་ཨ་ཧྥེ་རི་ཁའི་ནུབ་རྒྱུད་རྒྱལ་ཁབ་ཀག་ནའི་ལུང་ཁུག་གྲོང་ཚོ་300ལ་སྲུང་སྐར་བརྙན་འཕྲིན་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།

    “གྲོང་ཁྲིར་ཤར་གཏོང”གི་རྣམ་གྲངས་ནི་2015ལོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་གཡོད་ཧན་ནེ་སི་པོའི་དབུ་ཚོགས་ལ་བཏོན་པའི་ཀྲུང་ཧྥེའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཁྱབ་ཁོངས་མཉམ་ལས་བྱེད་ཐབས་ཀྱི་གྲས་ཤིག་ཡིན་པ་དེའི་དམིགས་ཡུལ་ནི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་གྲོང་ཚོ་ཁྲི་1གིས་སྲུང་སྐར་བརྙན་འཕྲིན་ལྟ་ཐུབ་པར་བྱེད་པ་རེད།

    ཀག་ནར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཧྲེ་ཐིང་གིས་ལས་མཇུག་འགྲིལ་བའི་མཛད་སྒོར“ད་ཆ་ཀག་ནའི་ཐག་རིང་ལུང་ཁུག་གི་མིས་སྲུང་སྐར་བརྙན་འཕྲིན་ནས་གཟུགས་བརྙན་གསལ་ལ་ནང་དོན་ཕུན་སུམ་ཚོགས་པའི་བརྙན་འཕྲིན་ལེ་ཚན་ལྟ་ཐུབ་པ་དང་། ཕྲུ་གུ་མང་པོ་ཞིག་གིས་སྲུང་སྐར་བརྙན་འཕྲིན་བརྒྱུད་སློབ་གསོའི་ཐོན་ཁུངས་དེ་བས་ལེགས་པ་ལོངས་སྤྱོད་ཐུབ་ཀྱི་ཡོད”ཅེས་བཤད།

    ཀག་ནའི་འཕྲིན་གཏོང་པུའི་པུའུ་ཀྲང་གཞོན་པ་ཆའོ་ཀྲེ་ཨན་ཟླ་ཡིས་མཛད་སྒོའི་ཐོག་རྣམ་གྲངས་འདི་བརྒྱུད་ཀག་ན་བ་660ལྷག་ཙམ་གྱིས་སྲུང་སྐར་བརྙན་འཕྲིན་སྒྲིག་སྦྱོར་ལག་རྩལ་གྱི་གསོ་སྦྱོང་དང་ལེན་བྱས་པས། ཁོང་ཚོས་སླད་ཕྱིན་རང་བརྟེན་ལས་གཏོད་བྱེད་པར་ཕན་པ་ཡོད་པ་རེད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།