[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཡོ་རོབ་ཀྱི་མར་སུན་འགྲན་རྒྱུག་མཛེས་ཤོས”ཐེངས་15པ་སུའེ་ཙེར་གྱི་གྲོང་ཁྱེར་རི་ནེ་ཝར་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-15

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་ཟླ་5ཚེས་13ཉིན་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་འཆམ་མཐུན་རི་ནེ་ཝའི་མར་སུན་འགྲན་རྒྱུག་སྐབས་15པ་ཚེས་11དང་ཚེས་12ཉིན་སུའེ་ཙེར་གྱི་གྲོང་ཁྱེར་རི་ནེ་ཝར་བྱས་ཤིང་། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་113 གྱི་བདམས་ཐོན་པ་18000ལྷག་ཙམ“ཡོ་རོབ་ཀྱི་མར་སུན་འགྲན་རྒྱུག་མཛེས་ཤོས”སུ་གྲགས་པའི་ད་ཐེངས་ཀྱི་འགྲན་བསྡུར་ལ་ཞུགས་ཡོད་པ་རེད།

    ཚེས་12ཉིན་མཇུག་འགྲིལ་བའི་བརྒྱུད་རིམ་ཧྲིལ་པོའི་མར་སུན་འགྲན་རྒྱུག་ལ་ཁེན་ཉི་ཡའི་སྐྱེས་པ་པོ་ནཱ་ཏེ་ལ་ཆུ་ཚོད་2དང་སྐར་མ་9སྐར་ཆ་45ཡི་གྲུབ་འབྲས་ཀྱིས་ཨང་དང་པོ་ཐོབ་པ་དང་སྦྲགས་འགྲན་བསྡུར་གྱི་ཟིན་ཐོ་ཡང་བཏོད་པ་རེད། དེ་དང་འདྲ་བར་ཁེན་ཉེ་ཡའི་ཆེ་ཕུ་ཁེ་ཆིས་ཆུ་ཚོད་2དང་སྐར་མ་29སྐར་ཆ་11གི་གྲུབ་འབྲས་ཀྱིས་འགྲན་བསྡུར་དེའི་སྐྱེས་མའི་ཟིན་ཐོ་གསར་པ་བཏོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།