[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ​ ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཉམས་འགྱུར་པར་ལེན་འགྲེམས་སྟོན་རི་ཀིར་འགོ་ཚུཌ་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-15

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ཀི་ནས་ཟླ་5ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་ལ་ཐེ་ཝེ་ཡའི་རྒྱལ་ས་རི་ཀིར་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཉམས་འགྱུར་གྱི་པར་ལེན་འགྲེམས་སྟོན་འགོ་ཚུགས་པ་རེད།

    ད་ཐེངས་ཀྱི་པར་ལེན་འགྲེམས་སྟོན་དུས་ཡུན་ཉིན་གཉིས་ཡིན་པ་དང་སུའེ་ཙེར་ཀྲུང་གོའི་ཚོང་ཚོགས་ཀྱིས་གཙོ་གཉེར་བྱས་པ་དེར་བོད་རིགས་དང་། ཡུ་གུར་རིགས། སོག་རིགས་བཅས་ཀྱི་ཡུལ་སྲོལ་གོམས་གཤིས་དང་དེ་བཞིན་བོད་དང་། ཤིན་ཅང་། ནང་སོག་སོགས་ས་ཆའི་རང་བྱུང་མཛེས་ལྗོངས་ཀྱི་པར་ལེན་བརྩམས་ཆོས་64ལྷག་འགྲེམས་སྟོན་བྱས་ཡོད། འགྲེམས་སྟོན་གྱི་དམིགས་ཡུལ་གཙོ་བོ་ནི་ལ་ཐེ་ཝེ་ཡའི་དམངས་ཚོགས་ཀྱིས་ཀྲུང་གོ་དང་ཀྲུང་གོའི་མི་རིགས་མང་བའི་རིག་གནས་ལ་རྒྱུས་མངའ་ལོན་ཆེད་རེད།

    སུའེ་ཙེར་ཀྲུང་གོའི་ཚོང་ཚོགས་ཀྱི་ཀྲུའུ་ཞི་ཏེང་ཡུས་ལི་ཡིས་འགོ་ཚུགས་མཛད་སྒོར་ཤིས་ཚིག་གནང་སྐབས“པར་ལེན་མཁས་ཅན་གྱི་པར་ཆས་བརྒྱུད་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་མངོན་པ་དང་ཀྲུང་གོར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ལྷག་ཙམ་སོང་ཚུན། གྲངས་ཉུང་མི་རིགས་ཀྱི་སྤྱི་ཚོགས་དང་། དཔལ་འབྱོར། འཚོ་བ་བཅས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་རྣམ་པ་མངོན་ནས་ལ་ཐེ་ཝེ་ཡའི་དམངས་ཚོགས་ལ་ཀྲུང་གོའི་འཕེལ་རྒྱས་ངོ་སྤྲོད་བྱས་ཡོད”ཅེས་བརྗོད།

    ལ་ཐེ་ཝེ་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་གནས་སྐབས་ལས་ཚབ་པ་སུན་དབྱིང་ལའེ་ཡིས་ཤིས་ཚིག་གསུང་སྐབས། ལ་ཐེ་ཝེ་ཡའི་དམངས་ཚོགས་ཀྱིས་པར་ལ་བལྟས་ནས་ཀྲུང་གོར་སྔར་བས་ཤེས་རྟོགས་དང་ཀྲུང་གོའི་སྤྱི་ཚོགས་ཀྱི་སྐྱེ་ཤུགས་ཚོར་བར་བྱས་ཏེ་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱིས་འཚོ་བར་དགའ་ཞེན་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རེ་སྨོན་བྱེད་ལུགས་མཉམ་སྤྱོད་བྱས་ཡོད་ཅེས་བརྗོད། ཁོང་གིས་གྲོགས་པོ་དེ་བས་མང་བ་ཀྲུང་གོར་ལྟ་ཙམ་བྱེད་པར་བསྐྱོད་ནས་ཀྲུང་གོར་ཉམས་མྱོང་བྱེད་པར་དགའ་བསུ་ཞུ་གི་ཡིན་ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།