[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཐེ་ལན་གྱི“ཀོ་བའི་སྒྱུ་རྩལ”རྒྱུན་འཛིན་བྱེད།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-18

    613453_yis_1555476287356.jpg

    ཐེ་ལན་དུ་ཀོ་བའི་ཟློས་གར་ལ་ཀོ་བའི་སྒྱུ་རྩལ་ཞེས་གྲགས། དེ་ནི་ཀྲུང་གོའི་ཀོ་བའི་ཟློས་གར་འཁྲབ་རྩལ་དང་མི་འདྲ་བར་ཐེ་ལན་གྱི་ཀོ་བའི་ཟློས་གར་གྱི་མི་སྣ་དང་དཔེ་རིས་མང་ཆེ་བ་ནི་ཀོ་བ་ཆ་ཚང་ལ་ཚགས་བརྒྱབ་པ་དང་། ནང་དོན་གཙོ་བོ་ནི་དམངས་ཁྲོད་ཤོད་རྒྱུན་དང་ཕོ་བྲང་གི་གཏམ་རྒྱུད་རེད། ཐེ་ལན་གྱི་ལེ་ཝུའུ་ལི་ཧྥུའི་ཁན་ནུང་དགོན་གྱི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་ནི་རྒྱལ་ཁབ་དེའི་ཀོ་བའི་ཟློས་གར་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་ཆེ་ཤོས་རེད། ཀོ་བའི་ཟློས་གར་ཉར་ཚགས་བྱས་པ་ཕུད། ཁན་ནུང་དགོན་དུ་ད་དུང་རང་ཉིད་ཀྱི་ཀོ་བའི་ཟློས་གར་ཚོགས་པ་ཡོད་པ་མ་ཟད། འཁྲབ་སྟོན་རྒྱུན་འཁྱོངས་བྱེད་ཀྱི་ཡོད་ཅིང་། འདི་ནི་ཐེ་ལན་གྱི་ལི་ཝུའུ་ལི་ཧྥུའི་ཁན་ནུང་དགོན་དུ་འཁྲབ་སྟོན་པ་ཞིག་གིས་ཀོ་བའི་ཟློས་གར་འཁྲབ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།