[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕ་ཕུ་ཡ་ཀུའི་ནེ་ཡའི“ཀྲུང་གོའི་གྲོང”གི་རྣམ་གྲངས་ལས་འགོ་ཚུགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-18

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཤིས་ཉི་ནས་ཟླ་4ཚེས་16ཉིན་གློག་འཕྲིན་འབྱོར་གསལ། མོར་སི་པི་གྲུ་ཁ་ནས་གནས་ཚུལ་འབྱོར་གསལ། ཚེས་15ཉིན། ཕྱི་ཁོངས་ཀྲུང་གོ་བའི་ཁེ་ལས་ཀྱིས་མ་དངུལ་བཏང་ནས་བསྐྲུན་པའི་ཕ་ཕུ་ཡ་ཀུའི་ནེ་ཡའི་ཕྱོགས་བསྡུས་འཛུགས་སྐྲུན་རྣམ་གྲངས་ཆེ་ཤོས་ཏེ“ཀྲུང་གོའི་གྲོང”གི་རྣམ་གྲངས་ལས་འགོ་ཚུགས་པའི་མཛད་སྒོ་རྒྱལ་ས་མོར་སི་པི་གྲུ་ཁར་འཚོགས་པ་དང་། ཕ་ཕུ་ཡ་ཀུའི་ནེ་ཡའི་ཙུང་ལི་ཨའོ་ཉིར་དང་ཕ་ཕུ་ཡ་ཀུའི་ནེ་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཞུའེ་པིང་མཛད་སྒོར་ཕེབས་ཡོད་པ་རེད།

    ཨའོ་ཉིར་གྱིས། “ཀྲུང་གོའི་གྲོང”གི་རྣམ་གྲངས་ལས་འགོ་ཚུགས་པ་ལས་རྒྱལ་ཁབ་གཉིས་པོས་མ་དངུལ་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ་མཚོན་ཡོད། ཁོང་དང་ཕ་ཕུ་ཡ་ཀུའི་ནེ་ཡའི་སྲིད་གཞུང་གིས་ཀྲུང་གོའི་མ་འཇོག་ཁེ་ལས་དེ་བས་མང་བ་ཕ་ཕུ་ཡ་ཀུའི་ནེ་ཡར་མ་འཇོག་ལས་དར་བྱེད་པར་ཡོང་ནས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་སྒྲོམ་གཞིའི་འོག་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་དངོས་སྒྲུབ་མཉམ་ལས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་སྐུལ་ལྕག་བྱེད་པ་མ་ཟད། དགའ་བསུའང་ཞུ་ཡི་ཡིན་ཞེས་བཤད།

    2018ལོའི་ཟླ་5པར་ཕ་ཕུ་ཡ་ཀུའི་ནེ་ཡ་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་ལ་དངོས་སུ་ཞུགས་པ་མ་ཟད། ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ས་ཁུལ་དུ་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་བསམ་ཤེས་དྲན་ཐོར་མིང་རྟགས་འགོད་མཁན་རྒྱལ་ཁབ་ཨང་དང་པོ་རེད།

    ཨའོ་ཉིར་གྱིས་ངས་ཚོགས་པའི་སྣེ་ཁྲིད་དེ་ཀྲུང་གོར“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་སྐབས་གཉིས་པར་ཞུགས་གྲབས་ཡོད་པ་དེས་ཕ་ཕུ་ཡ་ཀུའི་ནེ་ཡར་གོ་སྐབས་དེ་བས་མང་བ་སྦྱིན་ངེས་རེད་ཅེས་བཤད།

    ཞུའེ་པིང་གིས། ཕ་ཕུ་ཡ་ཀུའི་ནེ་ཡའི“ཀྲུང་གོའི་གྲོང”གི་མ་དངུལ་འཇོག་མཁན་གྱིས་སྤུས་ཚད་མཐོ་བ་དང་ལས་ཕྱོད་མཐོ་བའི་རྣམ་གྲངས་འཆར་འགོད་འཛུགས་སྐྲུན་བྱེད་པ་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་བསྒྲུབས་ཏེ་རྣམ་གྲངས་ཀྲུང་གོ་དང་ཕ་ཕུ་ཡ་ཀུའི་ནེ་ཡའི་མཛའ་གྲོགས་གསར་པའི་མཚོན་རྟགས་གསར་པར་འགྱུར་བའི་རེ་བ་ཡོད་ཅེས་བཤད།

    “ཀྲུང་གོའི་གྲོང”གི་རྣམ་གྲངས་མོར་སི་པི་གྲུ་ཁའི་ལྟེ་བའི་ཁུལ་དུ་གནས་པ་དང་ཨར་སྐྲུན་རྒྱ་ཁྱོན་བསྡོམས་སྨི་ངོས་གྲུ་ཁྲི་27ཙམ་ཡོད་པ་དེ་ཟས་མཆོག་ལྟེ་གནས་དང་། ཁྱིམ་ཆས་བཟོ་སྐྲུན། ཚོང་དོན་གཞུང་ལས། སྡོད་ཁང་རྩེ་གྲ སྤྲོ་གསེང་རོལ་རྩེད་སོགས་ནུས་པ་མང་བའི་རྣམ་པ་དང་དེ་བཞིན་སྐད་གཉིས་བུ་བཅོལ་ཁང་དང་། སྒོ་རྩིས་ཚོང་ཁང་ཆེ་གྲས། ཆུ་རྐྱལ་རྫིང་བུ་སོགས་ཆ་ལག་ཚང་བའི་སྒྲིག་བཀོད་ཚུད་ཡོད། དེ་བསྐྲུན་རྗེས་ཕ་ཕུ་ཡ་ཀུའི་ནེ་ཡའི་ཕྱོགས་བསྡུས་འཛུགས་སྐྲུན་རྣམ་གྲངས་ཆེ་ཤོས་སུ་འགྱུར་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།