[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཧང་ག་རིའི་རིགས་གཅིག་མཁས་ཅན་གྱིས“རྒྱུད་གཅིག་ལམ་གཅིག”དང་ཀྲུང་གོ་དང་ཡོ་རོབ་ཀྱི་མཉམ་ལས་སྐོར་མཉམ་དུ་གླེང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-11

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་ཏ་ཕེ་སི་ནས་ཟླ་4ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་དང་ཡོ་རོབ་ཀྱི་དཔལ་འབྱོར་ཚོང་དོན་འབྲེལ་བའི་བགྲོ་གླེང་ཚོགས་འདུ་ཚེས་8ཉིན་ཧང་ག་རིའི་རྒྱལ་ས་པུ་ཏ་ཕེ་སིར་འཚོགས་ཤིང་། ཀྲུང་གོ་དང་ཧང་ག་རིའི་ཇུས་འདོན་ཚོགས་པའི་མཁས་དབང་དང་དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་གྱིས“རྒྱུད་གཅིག་ལམ་གཅིག”དང་། ཀྲུང་གོ་དང་ཡོ་རོབ་ཀྱི་མཉམ་ལས། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་སོགས་ཀྱི་གྲོས་འགོའི་སྐོར་ལ་གྲོས་བསྡུར་བྱས་པ་མ་ཟད་ཐུན་མོང་གི་ངོས་འཛིན་གཅིག་མཐུན་ཞིག་གྲུབ་པ་རེད།

    ཀྲུང་གོའི་རྒྱལ་སྤྱིའི་དཔལ་འབྱོར་སྤེལ་རེས་ལྟེ་གནས་ཀྱི་ལས་འཛིན་འགོ་གཙོ་གཞོན་པ་ཚོང་དོན་པུའི་དེ་སྔའི་པུའུ་ཀྲང་གཞོན་པ་ཝུའེ་ཅན་གོས། ཧང་ག་རི་ནི་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ཡིག་ཆར་མིང་རྟགས་འགོད་མཁན་གྱི་ཡོ་རོབ་ཀྱི་རྒྱལ་ཁབ་ཐོག་མ་དེ་ཡིན་པ་དང་། ཀྲུང་གོ་དང་ཧང་ག་རི་རྒྱལ་ཁབ་གཉིས་ཀྱི་ཇུས་འདོན་ཚོགས་པས་སྤེལ་རེས་བྱས་པ་ནི་རྒྱལ་ཁབ་གཉིས་པོའི་དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་ལ། དེས་རྒྱལ་ཁབ་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་བར་རིག་སྟོབས་ཀྱི་རྒྱབ་སྐྱོར་ཡང་མཁོ་འདོན་བྱ་རྒྱུ་རེད་ཅེས་བརྗོད།

    ཀྲུང་གོར་བཅའ་སྡོད་ཧང་ག་རིའི་གཞུང་ཚབ་ཆེ་མོ་བ་ཟུར་པ་ཀྲུང་གོའི་གནད་དོན་སྐོར་གྱི་རིགས་གཅིག་མཁས་ཅན་ཁུ་ཧྲོའོ་དབྱི·ཧྲན་ཏོར་གྱིས། “རྒྱུད་གཅིག་ལམ་གཅིག”ནི་རླབས་ཆེན་གྱི་གྲོས་འགོ་ཞིག་ཡིན་པ་དང་། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ནི་ས་ཁོངས་ལས་བརྒལ་བའི་དངོས་སྒྲུབ་མཉམ་ལས་ཀྱི་ལས་སྟེགས་ཤིག་ཡིན་པ་དེས་ཡོ་རོབ་མནའ་འབྲེལ་གྱི་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་ཅེས་བརྗོད།

    ཧང་ག་རིའི་ཡཱ་ཏེན་ནའི་ས་བབ་ཐད་ཀྱི་འབྲེལ་བའི་ཆབ་སྲིད་ཞིབ་འཇུག་སུའོ་ཡི་མཐོ་རིམ་ཞིབ་འཇུག་པ་ཨེ་སི་ཐེ་ཧོ་དབྱི·ཝེ་ཁེ་ཐོ་ཡིས། ཧང་ག་རི་དང་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་དེ་བཞིན་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་སྒྲོམ་གཞིའི་འོག་གི་མཉམ་ལས་ལ་མི་མངོན་པའི་ནུས་པ་ཆེན་པོ་ལྡན་ཡོད་ཅེས་བརྗོད།

    ཀྲུང་གོ་དང་ཡོ་རོབ་ཀྱི་དཔལ་འབྱོར་ཚོང་དོན་འབྲེལ་བའི་བགྲོ་གླེང་ཚོགས་འདུ་དེ་ཀྲུང་གོ་རྒྱལ་སྤྱིའི་དཔལ་འབྱོར་སྤེལ་རེས་ལྟེ་གནས་དང་ཧང་ག་རིའི་ཨན་ཐུར·གཡོད་སེ་ཕུའི་ཤེས་བྱ་ལྟེ་གནས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་། ཀྲུང་གོ་དང་ཧང་ག་རིའི་ཇུས་འདོན་ཚོགས་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་30ཙམ་ཉིན་དེའི་བགྲོ་གླེང་ཚོགས་འདུར་ཞུགས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།