[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཧན་གོའི་གཞོན་ནུས་ནང་སོག་ཁུ་པུ་ཆིའི་བྱེ་ཐང་དུ་ཤིང་འཛུགས་ནགས་བཟོ་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-04

    608677_yis_1554271752729_s.jpg

    ཟླ་3ཚེས་31ཉིན། ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་དང་བླངས་པ་200ལྷག་ཙམ་ནང་སོག་རང་སྐྱོང་ལྗོངས་དཱ་ལ་ཐེ་ཆི་ཁུ་པུ་ཆིའི་བྱེ་ཐང་དུ་ཡོང་ནས་ཤིང་འཛུགས་ནགས་བཟོ་བྱས་ཤིང་། 2006ལོ་ནས་བཟུང་ཀྲུང་གོའི་རྒྱལ་སྤྱིའི་གཞོན་ནུའི་སྤེལ་རེས་ལྟེ་གནས་དང་ཧན་གོའི་ཧན་ཀྲུང་རིག་གནས་གཞོན་ནུ་མཐུན་ཚོགས་ཀྱིས་རྒྱལ་ཁབ་གཉིས་པོའི་གཞོན་ནུ་དང་བླངས་པ་སྒྲིག་འཛུགས་བྱས་ཏེ་ཁུ་པུ་ཆིའི་བྱེ་ཐང་དུ་ཤིང་འཛུགས་ནགས་བཟོ་བྱས་ནས་བྱེ་འགོག་བྱེ་འཇགས་ཀྱི་རྣམ་གྲངས་ནང་ཞུགས་པ་དང་། མིག་སྔའི་བར་སྡོང་རྐང་850ལྷག་ཙམ་བཙུགས་ནས་ནགས་བཟོ་མུའུ་ཁྲི་3ལྷག་ཙམ་བྱས་ཤིང་། འདི་ནི་ཟླ་3ཚེས་31ཉིན་ཤིང་འཛུགས་ནགས་བཟོའི་བྱེད་སྒོར་ཞུགས་མཁན་གྱི་གཞོན་ནུ་དང་བླངས་པས་ས་དོང་འདྲུ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།