[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨ་རབ་ཀྱི་བྱང་སྐར་སྤུན་བདུན་མཉམ་ལས་གླེང་སྟེཌ་སྐབས་གཉིས་པའི་བྱེད་སྒོ་ཐུ་ནི་སིར་གྲུབ་འབྲས་ཐོབ་པའི་ངང་གཉེར་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-04

     ཀྲུང་གོ་སྲུང་སྐར་ཕྱོགས་སྟོན་མ་ལག་དོ་དམ་གཞུང་ལས་ཁང་གི་ཆ་འཕྲིན་ལ་གཞིགས་ན། ཀྲུང་ཨའི་སྲུང་སྐར་ཕྱོགས་སྟོན་མཉམ་ལས་ལ་སྔར་བས་སྐུལ་འདེད་གཏོང་ཆེད། 《ཀྲུང་ཨའི་མཉམ་ལས་གླེང་སྟེགས་2018ལོ་ནས་2020ལོ་བར་གྱི་བྱ་སྤྱོད་ལག་བསྟར་འཆར་གཞི》གཞིར་བཟུང་། ཟླ་4ཚེས་1དང་ཚེས་2ཉིན་ཀྲུང་ཨའི་བྱང་སྐར་སྤུན་བདུན་མཉམ་ལས་གླེང་སྟེགས་སྐབས་གཉིས་པ་ཐུ་ནི་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐུ་ནི་སི་གྲོང་ཁྱེར་དུ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་རེད། དེ་ནི་བྱང་སྐར་སྤུན་བདུན་མ་ལག་གིས་གོ་ལ་ཧྲིལ་པོར་ཞབས་འདེགས་ཞུ་འགོ་ཚུགས་རྗེས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་དང་ས་གནས་སུ་ཐེངས་དང་པོ་སྤེལ་བའི་བྱེད་སྒོ་གལ་ཆེན་ཞིག་རེད། དེ་ཐོག་ནས་བྱང་སྐར་སྤུན་བདུན་མ་ལག“ཕྱི་ཕྱོགས་སུ་བསྐྱོད་པའི”ཐད་སླར་ཡང་གོམ་སྟབས་གལ་ཆེན་ཞིག་སྤོས་པ་མཚོན་གྱི་ཡོད།

    “མཉམ་ལས་དང་། ཉེར་སྤྱོད། ཞབས་ཞུ”བཅས་བརྗོད་དོན་གཙོ་བོར་བྱས་ཏེ་སྐབས་འདིའི་གླེང་སྟེགས་བྱེད་སྒོ་སྤེལ་རིང་འགོ་ཚུགས་མཛད་སྒོ་དང་། ཚོགས་ཆེན་གྱི་སྙན་སྒྲོན། ཆེད་དོན་གསོ་སྦྱོང་། ངོམ་སྟོན་ཉམས་ལེན། ཁེ་ལས་ཕན་ཚུན་སྦྲེལ་མཐུད་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་སྲིད་གཞུང་སྡེ་ཚན་དང་། འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས། ཚན་ཞིབ་ཁང་དང་སུའོ། ཁེ་ལས་སོགས་ནས་ཕེབས་པའི་སྐུ་མགྲོན་དང་སྐུ་ཚབ་ཁྱོན་300ལྷག་ཙམ་སྐབས་འདིའི་གླེང་སྟེགས་ལ་ཞུགས་པ་རེད།

    གླེང་སྟེགས་གཉེར་རིང་ཆེད་མངགས་སྲུང་སྐར་ཕྱོགས་སྟོན་ཆེད་དོན་གསོ་སྦྱོང་བྱས་པ་དེ་ཡང་ཀྲུང་ཨའི་བྱང་སྐར་སྤུན་བདུན་ IGNSS ལྟེ་གནས་ཀྱི་ཆེད་དོན་གསོ་སྦྱོང་བྱེད་སྒོ་ཐེངས་གསུམ་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། 2012ལོ་ནས་བཟུང་། ཀྲུང་གོ་ཕྱོགས་ཀྱིས་སྲུང་སྐར་ཕྱོགས་སྟོན་ལག་རྩལ་དང་ཉེར་སྤྱོད་ཀྱི་དུས་ཐུང་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་18གཉེར་ནས་རིམ་རྩིས་བྱས་ན་གོ་ལ་ཧྲིལ་པོའི་རྒྱལ་ཁབ་40ལྷག་ཙམ་གྱི་སློབ་མ་800ལྷག་ཙམ་གསོ་སྦྱོང་བྱས་པ་དང་། རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་ཐུ་ནི་སི་དང་། ཨེ་ཅིབ། སུའུ་ཏན། མོ་རོ་ཁོ། ཨར་ཅི་རི་ཡ་སོགས་རྒྱལ་ཁབ་ཏུ་བསྐྱོད་དེ་བྱང་སྐར་སྤུན་བདུན་སྲུང་སྐར་གྱི་ཕྱོགས་སྟོན་ལག་རྩལ་དང་ཉེར་སྤྱོད་ལག་རྩལ་གསོ་སྦྱོང་ཐེངས་མང་བྱས་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁོངས་གཞན་ནས་ཡིན་པའི་རབ་འབྱམས་པ་96དང་རྒྱལ་ཁོངས་གཞན་ནས་ཡིན་པའི་འབུམ་རམས་པའི་ཞིབ་འཇུག་སློབ་མ་40ལྷག་ཙམ་གྱིས་ཀྲུང་གོར་བར་མཐོངས་ལག་རྩལ་གྱི་ཉེར་སྤྱོད་ཆེད་ལས་ཀྱི་ཞིབ་འཇུག་སློབ་མའི་སློབ་གནས་བརྩོན་ལེན་བྱེད་བཞིན་ཡོད། དེ་མིན་ད་དུང་གླེང་སྟེགས་གཉེར་རིང་ཀྲུང་གོ་སྲུང་སྐར་ཕྱོགས་སྟོན་མ་ལག་དོ་དམ་གཞུང་ལས་ཁང་དང་ཨ་རབ་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་རྩ་འཛུགས་ཀྱིས《ཀྲུང་ཨའི་བྱང་སྐར་སྤུན་བདུན་མཉམ་ལས་གླེང་སྟེགས་སྐབས་གཉིས་པའི་མཉམ་འབྲེལ་གསལ་བསྒྲགས》ལ་མིང་རྟགས་བཀོད་ནས་ཁྱབ་བསྒྲགས་བྱས་པ་དང་སྦྲགས། 2021ལོར་ཀྲུང་ཨའི་བྱང་སྐར་སྤུན་བདུན་མཉམ་ལས་གླེང་སྟེགས་སྐབས་གསུམ་པའི་བྱེད་སྒོ་ཀྲུང་གོར་སྤེལ་རྒྱུའི་ཁ་ཆད་ཀྱང་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།