[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ལོ་རེའི་ཟླ་1ཚེས་24ཉིན་ནི་རྒྱལ་སྤྱིའི་སློབ་གསོའི་ཉིན་མོར་གཏན་འཁེལ་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-06

    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་12ཚེས་4ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་3ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐབས་73པའི་ཚོགས་ཆེན་གྱི་ཚང་འཛོམས་ཚོགས་འདུ་ཐེངས་44པ་ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་འཚོགས་པ་དང་། ཚོགས་འདུའི་ཐོག་གྲོས་ཆོད་ལ་གྲོས་འཆམ་བྱུང་སྟེ། ལོ་རེའི་ཟླ་1ཚེས་24ཉིན་ནི་རྒྱལ་སྤྱིའི་སློབ་གསོའི་ཉིན་མོར་གཏན་འཁེལ་བྱས་པ་རེད།

    གྲོས་ཆོད་འཇོག་སྐབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཁག་དང་། མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱི་རྩ་འཛུགས་ཁག རྒྱལ་སྤྱི་དང་ས་ཁོངས་ཀྱི་རྩ་འཛུགས་གཞན་དག སྒེར་གཉེར་སྡེ་ཚན་བཅས་གདན་དྲངས་ནས་འོས་འཚམ་གྱི་བྱེད་ཐབས་སྤྱད་ནས་རྒྱལ་སྤྱིའི་སློབ་གསོའི་ཉིན་མོར་དྲན་གསོ་ཞུས་པ་རེད།

    ད་ཐེངས་གྲོས་འཆམ་བྱུང་བའི་གྲོས་ཆོད་ཀྱི་འཆར་ཟིན་ནི་ནི་ཀྲེ་རི་ཡ་དང་། ཨིར་ལན། ཧྥ་རན་སེ་སོགས་རྒྱལ་ཁབ་22ཀྱིས་བཏོན་པ་ཞིག་ཡིན། གྲོས་ཆོད་ནང་སློབ་གསོ་རྒྱུན་མཐུད་འཕེལ་རྒྱས་ཡོང་བའི་གལ་ཆེའི་རང་བཞིན་ལ་ཁས་ལེན་བྱས་པ་དང་། ལྷག་དོན་དུ་སློབ་གསོས་སྒེར་གྱི་ཐོན་སྐྱེད་ནུས་ཤུགས་ཆེ་རུ་གཏོང་ཐུབ་པ་མ་ཟད། དཔལ་འབྱོར་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་རུ་འགྲོ་བ་དང་། དབུལ་ཕོངས་དང་བཀྲེས་ལྟོགས་མེད་པར་བཟོ་རྒྱུར་ཕན་པ། བདེ་ཐང་གི་གནས་ཚུལ་ལེགས་བཅོས་ཐུབ་པ། ཕོ་མོ་འདྲ་མཉམ་ཡོང་བར་སྐུལ་འདེད་ཐུབ་པར་ཕན་པའི་ངོས་འཛིན་བྱས་ཡོད།

    གྲོས་ཆོད་ནང་། ངེས་པར་དུ་སློབ་ཆུང་དང་། སློབ་འབྲིང་། སློབ་ཆེན། ལས་རིགས་གསོ་སྦྱོང་སོགས་སློབ་གསོའི་སྒྲིག་གཞི་ཚང་མའི་བསྟུན་མཁས་རང་བཞིན་དང་འདྲ་མཉམ་རང་བཞིན་འགན་ལེན་བྱེད་གང་ཐུབ་བྱས་ནས་མི་ཚང་མར་ཚེ་གང་སློབ་སྦྱོང་བྱེད་པའི་གོ་སྐབས་ལྡན་པ་བྱས་ནས་སྤྱི་ཚོགས་ནང་ཧུར་ཐག་ཞུགས་ཏེ་རྒྱུན་མཐུད་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་དགོས་པ་བསྟན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།