[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ལ་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་གྲངས་གཞིའི་ལག་རྩལ་ལ་བརྟེན་ནས་དབང་པོ་སྐྱོན་ཅན་གྱི་དབང་ནུས་ཆེར་གཏོང་བྱ་དགའ་ཐོབ་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-06

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་རི་སི་ནས་ཟླ་12ཚེས་4ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། 2018ལོ་འཁོར་དང་2019ལོ་འཁོར་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་གྲངས་གཞིའི་ལག་རྩལ་ལ་བརྟེན་ནས་དབང་པོ་སྐྱོན་ཅན་གྱི་དབང་ནུས་ཆེར་གཏོང་བྱ་དགའ་སྤྲོད་པའི་མཛད་སྒོ་ས་གནས་དེ་གའི་དུས་ཚོད་ཚེས་3ཉིན་ཧྥ་རན་སེའི་ཕ་རི་སིར་གཉེར་བ་རེད། རྒྱལ་སྤྱིའི་ཞིབ་དཔྱད་ཨུ་ལྷན་གྱིས་དཔྱད་ཞིབ་བྱས་པ་བརྒྱུད་ཀྲུང་གོ་ཐེང་ཤུན་ཀུང་སིར་ད་རེས་ཀྱི་བྱ་དགའ་ཆེ་མོའི་སྒྲིག་འཛུགས་རིགས་ཀྱི་བྱ་དགའ་ཐོབ་པ་རེད།

    བྱ་དགའ་ཆེན་པོ་དེའི་མིང་ཆ་ཚང་ལ་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་ཅ་པིར·ཨའེ་ཧ་མེ་ཏེ·ཅ་པིར·ས་པ་ཧེ་ཨེ་སྨིར་གྲངས་གཞིའི་ལག་རྩལ་ལ་བརྟེན་ནས་དབང་པོ་སྐྱོན་ཅན་གྱི་དབང་ནུས་ཆེར་གཏོང་བྱ་དགའ་ཞེས་བརྗོད་པ་དང་། ཐེང་ཤུན་ཀུང་སི་ནི་བྱ་དགའ་དེའི་སྒྲིག་འཛུགས་རིགས་ཀྱི་བྱ་དགའ་ཐོབ་པའི་ཨེ་ཤེ་ཡའི་རྩ་འཛུགས་ཐོག་མ་དེ་ཡིན་ལ། གོ་ལ་ཧྲིལ་པོའི་ཁྲོད་ནས་བྱ་དགའ་དེ་ཐོབ་པའི་ཁེ་ལས་དང་པོ་དེའང་ཡིན་པ་རེད།

    བྱ་དགའ་སྤྲོད་པའི་མཛད་སྒོ་དེ་ཟླ་12ཚེས་3ཉིན་གྱི“རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཉིན་མོར”རྟེན་འབྲེལ་ཞུ་བའི་ཆ་ཤས་ཤིག་ཡིན་པ་དང་། འདི་ལོའི་བརྗོད་དོན་གཙོ་བོ་ནི“དབང་པོ་སྐྱོན་ཅན་ལ་དབང་ཆ་སྤྲད་ནས་བསྟུན་མཁས་དང་འདྲ་མཉམ་འགན་ལེན་བྱེད”ཅེས་པ་དེ་ཡིན་པ་རེད།

    བྱ་དགའ་དེ་ནི་2002ལོར་བཙུགས་པ་དང་ལོ་གཉིས་རེར་ཐེངས་རེ་སྤྲོད་ཀྱི་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།