[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཧྥ་རན་སེའི་རིམ་པ་མཐོ་བའི་དཔལ་འབྱོར་ནོར་དངུལ་གླེང་མོལ་ཐེངས་དྲུག་པ་ཧྥ་རན་སེར་འཚོག་རྒྱུ་ཡིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-06

    ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཚེས་3ཉིན་ཀྲུང་གོ་དང་ཧྥ་རན་སེ་ཕྱོཌ་གཉིས་པོས་གྲོས་མོལ་བྱས་པ་བརྒྱུད་ཀྲུང་གོ་དང་ཧྥ་རན་སེའི་རིམ་པ་མཐོ་བའི་དཔལ་འབྱོར་ནོར་དངུལ་གླེང་མོལ་ཐེངས་དྲུག་པ་ཟླ་12ཚེས་7ཉིན་ཧྥ་རན་སེར་འཚོག་རྒྱུའི་གཏན་འཁེལ་བྱས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་དང་ཧྥ་རན་སེའི་དཔལ་འབྱོར་དང་ནོར་སྲིད་པུའི་པུའུ་ཀྲང་པུའུ་ལུའུ་ནོ·ལེ་མེར་གཉིས་པོས་ཐུན་མོང་ཐོག་གླེང་མོལ་གཙོ་སྐྱོང་བྱ་རྒྱུ་ཡིན་པའི་ཁྱབ་བསྒྲཌ་བྱས་པ་རེད།

    ཕྱོགས་གཉིས་པོས་གྲོས་མོལ་བྱས་པ་བརྒྱུད་ཀྲུང་གོ་དང་ཧྥ་རན་སེའི་རིམ་པ་མཐོ་བའི་དཔལ་འབྱོར་ནོར་དངུལ་གླེང་མོལ་ཐེངས་དྲུག་པའི་ཐོག་སྤྱི་ཁོག་དཔལ་འབྱོར་གྱི་དུས་བབ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་། དཔལ་འབྱོར་ཚོང་དོན་གྱི་མ་འཇོག་མཉམ་ལས་དང་། ཞིང་ལས། སྔོན་ཐོན་བཟོ་སྐྲུན་ལས་རིགས། རྣམ་གྲངས་ཆེན་མོའི་མཉམ་ལས། ཕན་ཚུན་འབྲེལ་མཐུད། དངུལ་རྩའི་མཉམ་ལས་སོགས་ཀྱི་གྲོས་གཞིར་གྲོས་མོལ་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།