[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཞི་བདེའི་ཆེད་དུ་གུང་གསེང་རིང་དམག་གྲབས་བྱས་པ།

    ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་སྨན་བཅོས་ཡན་ལག་རུ་ཁག་གིས་གྲོགས་དམག་དང་མཉམ་དུ་སྨན་བཅོས་རོགས་སྐྱོབ་ཀྱི་ནང་སྦྱོང་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-12

    ཟླ་འདིའི་ཚེས་4ཉིན་ནི་ཀྲུང་གོའི་རྒྱལ་སྟོན་ངལ་གསོའི་དུས་ཚོད་ཡིན་རུང་། ལེ་པ་ནོན་དུ་བཅའ་སྡོད་བྱེད་མཁན་ཀྲུང་གོའི་ཁག་17པའི་ལེ་པ་ནོན་དུ་སྐྱོད་མཁན་ཞི་བདེ་སྲུང་སྐྱོང་སྨན་བཅོས་ཡན་ལག་རུ་ཁག་གིས་ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེའི་ཤར་ཁུལ་སི་ལིང་པུའི་སར་པི་ཡའི་སྐབས་བསྟུན་གྲ་སྒྲིག་དཔུང་སྡེའི་དཔོན་དམག་དང་མཉམ་དུ་སྨན་བཅོས་སྲོག་སྐྱོབ་ཀྱི་འཕྲལ་སྡོམ་ནང་སྦྱོང་བྱས་པ་རེད།

    ད་ཐེངས་ཀྱི་ནང་སྦྱོང་ནི་ཉེ་འགྲམ་གྱི་གྲོགས་དམག་ལ་དགོང་མོ་གློ་བུར་དུ་རྨས་སྐྱོན་ཕོག་པ་རྒྱབ་ལྗོངས་སུ་བྱས་ནས་སྤེལ་བ་ཞིག་རེད། རེ་ཞུའི་རོགས་སྐྱོབ་ཀྱི་བརྡ་རྟགས་འབྱོར་རྗེས། ཀྲུང་གོའི་ཞི་བདེ་སྲུང་སྐྱོང་སྨན་བཅོས་ཡན་ལག་རུ་ཁག་གིས་མྱུར་དུ་འཕྲལ་སྡོམ་རོགས་སྐྱོབ་སྔོན་ཇུས་ལག་ལེན་བསྟར་ཏེ། འཕྲལ་སྡོམ་སྨན་བཅོས་ཚོགས་ཆུང་གནས་ཚུལ་ཐོན་ཡུལ་དུ་མངགས་ནས་རྨས་མར་འཕྲལ་དུ་རོགས་རམ་བྱས་རྗེས་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་སྨན་བཅོས་ཡན་ལག་རུ་ཁག་གི་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་རེད།

    དེ་དང་དུས་མཚུངས། སྨན་བཅོས་ཡན་ལག་རུ་ཁག་སྨན་ཁང་གི་ལས་རེས་སྨན་དོན་མི་སྣས་རོགས་སྐྱོབ་གྲ་སྒྲིག་ཡག་པོ་བྱས་ཏེ། འབྲེལ་ཡོད་སྲོག་སྐྱོབ་སྨན་བཅོས་ཀྱི་བརྒྱུད་རིམ་སྤྱད་ནས་ལྟ་སྐྱོང་བྱེད་པ་དང་། གསོ་རླུང་རྔུབ་ལེན་བྱེད་དུ་འཇུག་པ། སྡོད་རྩའི་ཁྲག་ལམ་གཤོང་བ་སོགས་བྱས་པ་རེད། རྨས་མ་དྲག་སྐྱེད་བྱུང་རྗེས་སྨན་པས་ལམ་སེང་དེའི་རྨས་སྐྱོན་ཕོག་སར་གསོ་རིག་གི་བརྙན་པར་བརྟག་དཔྱད་བྱས་ནས་སྐེ་ཚིགས་བུད་པའི་གཏན་འཁེལ་བྱས་པ་རེད། དེ་རྗེས་རིགས་གཅིག་མཁས་ཅན་གྱིས་འཕྲལ་སྡོམ་ནད་བརྟག་སྨན་བཅོས་བྱས་པ་དང་འབྲེལ། ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔུང་སྡེའི་ཚད་གཞིའི་ལས་སྒྲུབ་གོ་རིམ་གཞིར་བཟུང་། འཕྲལ་དུ་མཁའ་ཐོག་ནས་སྨན་བཅོས་བྱ་རྒྱུར་སྐྱེལ་རྒྱུའི་རེ་བ་ཞུས་ནས་རྨས་མ་གོང་རིམ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་དེ་བས་ལེགས་པ་ཐུབ་པ་བྱས་པ་རེད།

    ཀྲུང་གོའི་ཁག་17པའི་ལེ་པ་ནོན་དུ་སྐྱོད་མཁན་ཞི་བདེ་སྲུང་སྐྱོང་སྨན་བཅོས་ཡན་ལག་རུ་ཁག་འདི་ལོའི་ཟླ་5པའི་ཟླ་མཇུག་ཏུ་ལས་འགན་འཁུར་ཡུལ་དུ་བཀོད་སྒྲིག་བྱས་པ་རེད། སྨན་བཅོས་ཡན་ལག་རུ་ཁག་དེ་དཔོན་དམག་30ལྷག་ཙམ་ལས་གྲུབ་པ་དང་། གཙོ་བོ་ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔུང་སྡེའི་ཤར་ཁུལ་གྱི་མི་4000ལྷག་ཙམ་ལ་སྨན་བཅོས་བརྟག་དཔྱད་དང་། སྨན་བཅོས་རོགས་སྐྱོབ། རྨས་མ་དང་ནད་པ་སྐྱེལ་བ་སོགས་ཀྱི་ལས་འགན་འཁུར་གྱི་ཡོད་པ་རེད།

    སྨན་བཅོས་ཡན་ལག་རུ་ཁག་གི་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ལད་མོའི་ནང་སྦྱོང་གནས་ཚུལ་ནི་མཐོང་དཀོན་པ་ཞིག་མིན། རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་ཞི་བདེ་སྲུང་སྐྱོང་ལས་འགན་འཁུར་ཁུལ་དུ་རྟག་ཏུ་མི་སྣར་རྨས་སྐྱོན་ཕོག་གི་ཡོད། ཉེ་ཆར། ཁོང་ཚོས་གློ་བུར་དུ་རྨས་སྐྱོན་ཕོག་པའི་ཕྱི་རྒྱལ་དམག་གི་ཞི་བདེ་སྲུང་སྐྱོང་དཔོན་དམག་མང་པོ་བསྟུད་མར་མྱུར་སྐྱོབ་བྱས་ཡོད་ལ། ཐད་འཕུར་གནམ་གྲུ་བཏང་ནས་རྨས་མ་སྐྱེལ་མྱོང་ཡང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།