[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་རིགས་གཅིག་མཁས་ཅན་གྱིས།

    རི་ནེ་ཝར་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-14

    ཚེས་11ཉིན། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་39པ་འཚོག་རིང་། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝའི་སྤྱི་ཁྱབ་པུའུ་གནས་ཡུལ་ཕོ་བྲང་དབན་གོར“ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་དང་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས”ཀྱི་བརྗོད་དོན་གཙོ་བོའི་ཕྱོགས་གཉིས་གྲོས་མོལ་ཚོགས་འདུ་འཚོགས་ཏེ། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་གི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད།

    ཚེས་11ཉིན་གྱི་བརྗོད་དོན་གཙོ་བོའི་ཕྱོགས་གཉིས་གྲོས་མོལ་ཚོགས་འདུའི་ཐོག་ཀྲུང་གོ་མི་དམངས་སློབ་ཆེན་དང་། ཧྥུའུ་ཏན་སློབ་ཆེན། ཝུའུ་ཧན་སློབ་ཆེན། ནན་ཁའེ་སློབ་ཆེན་བཅས་ཀྱི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་རིགས་གཅིག་མཁས་ཅན་5ཡིས་གསོན་ཉམས་དོད་པའི་དཔེ་མཚོན་དང་ཞིབ་ཅིང་ཁུངས་འཕེར་བའི་གྲངས་གཞིར་བརྟེན་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། དབུལ་ཕོངས་ཉུང་གཏོང་། སྣོད་བཅུད་ཁོར་ཡུག་སོགས་ཀྱི་ཐད་ནས་ཚོགས་ཞུགས་མི་སྣར་ཀྲུང་གོར་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་ངོ་སྤྲོད་བྱས་པ་རེད།

    ཚེས་11ཉིན། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་39པའི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་བྱེད་རིང་། ད་དུང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་འཐུས་མི་ཀུའེ་ཞའོ་ཝུའེ་ཡིས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ་རེད། གཏམ་བཤད་སྤེལ་རིང་ཁོང་གིས་རང་ཉིད་ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་སུ་སྐྱེས་པ་དང་འཚར་ལོངས་བྱུང་བའི་བརྒྱུད་རིམ་དང་ཟུང་འབྲེལ་བྱས་ནས་ཤིན་ཅང་གིས་ཆོས་ལུགས་ཐལ་སྐྱོད་ཀྱི་བསམ་བློ་མ་མཆེད་སྔོན་འགོག་ནན་པོ་བྱེད་པ་དང་། འཇིགས་སྐུལ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནུས་ལྡན་སྤེལ་ནས་སྤྱི་ཚོགས་བརྟན་ལྷིང་དང་ས་གནས་དེ་གའི་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་གནས་ཚུལ་ངོ་མ་ངོ་སྤྲོད་བྱས་པས། ཚོགས་ཞུགས་མི་སྣའི་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།