[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ནེ་པ་ལར་ཀྲུང་ཧྭའི་རིག་གནས་འགྲན་བསྡུར་ཁག་མང་པོའི་བྱ་དགའ་སྤྲོད་པའི་མཛད་སྒོ་གཉེར་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-12

    ཚེས་9ཉིན་ཀྲུང་ཧྭའི་རིག་གནས་སློབ་སྦྱོང་དང་ཀྲུང་གོ་ཤེས་རྟོགས་བྱེད་པ་དང་འབྲེལ་བ་ཡོད་པའི་འགྲན་བསྡུར་ཁག་མང་པོའི་བྱ་དགའ་སྤྲོད་པའི་མཛད་སྒོ་ཀ་ཏ་མན་རྡུའི་གྲོང་སྲིད་ཚོམས་ཆེན་དུ་མཉམ་འབྲེལ་ཐོག་འཚོགས་པ་དང་། ནེ་པ་ལའི་དགེ་སློབ་ཆིག་སྟོང་ལྷག་ཙམ་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་པ་རེད།

    ནེ་པ་ལ་ཕྱི་འབྲེལ་པུའི་པུའུ་ཀྲང་ཅ་ཝ་ལིས་དང་ཐོག་སྐབས་བདུན་པའི་ཀྲུང་ཧྭའི་ནུས་རྩལ་འགྲན་བསྡུར་ཆེ་མོའི་བྱ་དགའ་ཐོབ་མཁན་ལ་བྱ་དགའ་སྤྲད་པ་དང་སློབ་གྲྭ་65ཡི་སློབ་མ་811འགྲན་བསྡུར་ཆེ་མོ་དེའི་ནང་ཞུགས་པ་རེད། དེ་རྗེས་སྐབས་བརྒྱད་པའི“གཞུང་ཚབ་ཆེ་མོའི་བུམ་པའི”རྒྱ་སྐད་འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་པ་དང་སློབ་གྲྭ་35ཡི་སློབ་མ་75འགྲན་བསྡུར་དེའི་ནང་ཞུགས་ནས་ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡུས་ཧུང་གིས་བྱ་དགའ་ཐོབ་མཁན་ལ་བྱ་དགའི་བུམ་པ་སྤྲད་པ་རེད། དེ་ཉིན་ད་དུང་སྐབས་དང་པོའི་ནེ་པ་ལའི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི“ངའི་སེམས་ནང་གི་ཀྲུང་གོ”ཞེས་པའི་རི་མོ་འབྲི་བའི་འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་པ་དང་སློབ་གྲྭ་101ནས་ཡོང་བའི་འགྲན་ཞུགས་པ་1400ལྷག་ཙམ་འགྲན་བསྡུར་ནང་ཞུགས་པ་དང་འགྲན་ཞུགས་བརྩམས་ཆོས་1500ཙམ་ཡོད་པ་རེད།

    ཉིན་དེའི་མཉམ་འབྲེལ་བྱ་དགའ་སྤྲོད་པའི་མཛད་སྒོ་ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་གཙོ་གཉེར་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།