[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་བོད་སྐད་གློག་བརྙན་ལ་ཝེ་ཉི་སི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི“གནམ་ས་འབྲེལ་མཚམས”ཚན་པའི་འཁྲབ་གཞུང་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-12

    ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། དབྱི་ཐ་ལིའི་ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་8ཉིན་གྱི་མཚན་མོ་སྐབས་75པའི་ཝེ་ཉི་སི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་མཇུག་འགྲིལ་བ་དང་ཝང་ཅ་ཝེ་ཡིས་ལྟ་ཞིབ་བྱས་པ་དང་བོད་རིགས་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི་བོད་སྐད་གློག་བརྙན《ལག་དམར》ལ“གནམ་ས་འབྲེལ་མཚམས”ཚན་པའི་འཁྲབ་གཞུང་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་དང་གློག་བརྙན་དེ་ནི་སྐབས་འདིའི་ཝེ་ཉི་སི་གློག་བརྙན་དུས་ཆེན་གྱི་འགྲན་བསྡུར་ཚན་པའི་ནང་ཚུད་པའི་ཀྲུང་གོའི་གློག་བརྙན་འབའ་ཞིག་དེ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གློག་བརྙན《ལག་དམར》ནི་2015ལོའི《ཐར་ལོ》ཞེས་པའི་རྗེས་ཀྱི་པད་མ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན“གནམ་ས་འབྲེལ་མཚམས”ཚན་པའི་ནང་ཚུད་ཐེངས་གཉིས་པ་ཡིན་པ་རེད།

    “རང་ཉིད་ཀྱི་བརྩམས་ཆོས་མི་དེ་བས་མང་བས་མཐོང་སྟེ་བོད་མི་རིགས་ཀྱི་རིག་གནས་དང་བོད་རིགས་ས་ཁུལ་གྱི་སྒྱུ་རྩལ་མཚོན་ཚུལ་ཤེས་རྟོགས་ཐུབ་པའི་རེ་བ་ཡོད། གློག་བརྙན་གྱི་ཐོག་ནས་དངོས་ཡོད་ཀྱི་བོད་རིགས་ས་ཁུལ་མངོན་པར་བྱེད་པ་དང་བོད་ཀྱི་རིག་གནས་ངོ་མཚར་ཅན་དང་འཛད་སྤྱོད་ཅན་དུ་འགྱུར་བ་བྱ་རྒྱུ་ནི་རིག་གནས་ཡིག་སྒྱུར་གྱི་བསམ་འདུན་ཞིག་ཡིན་ལ་རང་བྱུང་གི་སྤེལ་རེས་རེ་ཞུ་ཞིག་ཀྱང་ཡིན”ཞེས་པད་མ་ཚེ་བརྟན་གྱིས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།