[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨེ་ཙེ་ཨོ་ཕི་ཡའི་སློབ་མ་29ལ་ཀྲུང་གོ་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་རག་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-10

    ཚེས་8ཉིན་ཨེ་ཙེ་ཨོ་ཕི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཨེ་ཙེ་ཨོ་ཕི་ཡའི་སློབ་མ་29ལ་ཀྲུང་གོ་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྤྲད་པ་རེད། སློབ་མ་29དེ་དག་ཀྲུང་གོར་ཟབ་སྦྱོང་བྱེད་པར་ཡོང་ནས་བཀོལ་སྤྱོད་རྩིས་རིག་དང་། གནའ་རྫས་བརྟག་ཞིབ། སྤྱི་པའི་འཕྲོད་བསྟེན། ས་གཤིས་ཐོན་ཁུངས་དང་ས་གཤིས་ལས་གྲྭ་སོགས་ཁྱབ་ཁོངས་ཀྱི་ཆེད་ལས་སྦྱོང་རྒྱུ་རེད།

    ཨེ་ཙེ་ཨོ་ཕི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཐན་ཅན་གྱིས་མཛད་སྒོའི་ཐོག་ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཡིན། ཀྲུང་གོར་སློབ་སྦྱོང་བྱེད་པར་སྐྱོད་མཁན་ཨེ་ཙེ་ཨོ་ཕི་ཡའི་སློབ་མ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་སྤེལ་རེས་ལ་ཤུགས་སྣོན་དང་མཛའ་གྲོགས་ཟབ་ཏུ་གཏོང་མཁན་གྱི་ཕོ་ཉ་ཡིན་པས་ཁོང་ཚོ་ཨེ་ཙེ་ཨོ་ཕི་ཡའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།