[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རིག་རྩལ་དང་བླངས་པས་ཞིང་འབྲོག་ཁུལ་ལ་ཡིག་གཟུགས་བརྩམས་ཆོས་སྤྲད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-13

    ཉེ་ཆར། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱིས“ཀྲུང་གོའི་རིག་རྩལ་དང་བླངས་པའི་ཞབས་ཞུའི་ཉིན་མོར་གཞི་རིམ་དུ་རིག་གནས་གཤམ་སྤེལ་གྱི་ཡིག་གཟུགས་སྤྱི་ཕན་བྱེད་སྒོ”ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་དར་དམར་གྲོང་ཚོར་སྤེལ་བ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་ནི་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། ཀྲུང་གོ་ཡིག་གཟུགས་མཁས་ཅན་མཐུན་ཚོགས། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། བོད་ལྗོངས་ཡིག་གཟུགས་མཁས་ཅན་མཐུན་ཚོགས་བཅས་ཀྱིས་གཉེར་འགན་འཁུར་བ་རེད། “ད་ཐེངས་ཀྱི་བྱེད་སྒོས་ཡིག་གཟུགས་མཁས་ཅན་གདན་དྲངས་ནས་ས་གནས་ས་ཐོག་ཏུ་ཡིག་གཟུགས་འབྲི་བ་དང་འབྲེལ་གྲོང་མིར་ཡིག་གཟུགས་བརྩམས་ཆོས་སྤྲོད་པ་སོགས་ཀྱི་བྱ་ཐབས་སྤྱད་ཡོད། དེའི་དམིགས་ཡུལ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་རྩལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ཡིག་གཟུགས་སྒྱུ་རྩལ་ལས་དོན་པས་འཚོ་བ་དངོས་ནང་ཞུགས་པ་དང་མི་དམངས་ཀྱི་ཁྲོད་རྩ་བ་ཚུགས་ཏེ་ཡིག་གཟུགས་འབྲི་བ་དང་སྤྲོ་སྣང་སྦྱིན་པ་སོགས་ཀྱི་རྣམ་པ་བརྒྱུད་ནས་ཡིག་གཟུགས་མཁས་ཅན་དང་རིག་རྩལ་ལས་དོན་པ་དེ་བས་མང་བ་གཞི་རིམ་དང་མང་ཚོགས་ཁྲོད་བསྐྱོད་རྒྱུ་ཁྲིད་སྟོན་བྱས་པ་དང་སྒྱུ་རྩལ་ནི་མི་དམངས་ཀྱི་གསར་གཏོད་ཀྱི་སྟོན་ཕྱོགས་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ་འཚོ་བ་དངོས་ནང་ཞུགས་པ་དང་། བརྩེ་སེམས་དངོས་འཆང་བ། མང་ཚོགས་ཀྱིས་དགའ་པོ་བྱེད་པ་བཅས་ཀྱི་ཡིག་གཟུགས་ཀྱི་བརྩམས་ཆོས་གསར་གཏོད་བྱས་ཡོད”ཅེས་བོད་ལྗོངས་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་དབྱང་ཧྲོང་ཅུས་ཀྱིས་ངོ་སྤྲོད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།