[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲེ་ཅང་གིས་ལོན་ཏོན་དུ་ཕྱི་རྒྱལ་གྱི་རིམ་པ་མཐོ་བའི་ཤེས་ལྡན་པའི་ངོ་འཕྲད་གྲོས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-13

    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གོའི་ཀྲེ་ཅང་ཞིང་ཆེན་གྱིས་ལོན་ཏོན་གྱི་དབན་ཧའོ་ཀེ་ལུའོ་ཕུའུ་ནཱ་ཐང་ཆེན་གསོལ་མགྲོན་ཁང་དུ་ཕྱི་རྒྱལ་གྱི་རིམ་པ་མཐོ་བའི་ཤེས་ལྡན་པའི་ངོ་འཕྲད་གྲོས་མོལ་ཚོགས་འདུ་འཚོགས་ཏེ། ཀྲེ་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་ཕྱི་རྒྱལ་གྱི་ཤེས་ལྡན་པའི་གསར་གཏོད་ལས་གཏོད་ཀྱི་ཁོར་ཡུག་འོས་སྦྱོར་ངོ་སྤྲོད་དང་། ཀྲེ་ཅང་གིས་ཕྱི་རྒྱལ་གྱི་རིམ་པ་མཐོ་བའི་ཤེས་ལྡན་པ་དང་ཚན་རྩལ་རྣམ་གྲངས་ནང་འདྲེན་དང་། ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་གྱི་དགོས་མཁོའི་ཆ་འཕྲིན་ཡོངས་བསྒྲགས་བྱས་པ་རེད།

    དབྱིན་ཇིའི་རྒྱལ་སྤྱི་འཕེལ་རྒྱས་པུའུ་ཡི་རྒྱལ་དོན་བློན་ཆེན་མའེ་ཁེ·པེ་ཚེ་ངོ་འཕྲད་གྲོས་མོལ་ཚོགས་འདུར་ཞུགས་པ་མ་ཟད། དབྱིན་ཇི་སྲིད་གཞུང་གི་ཚབ་ཞུས་ནས་ཤིས་ཚིག་གསུངས་པ་རེད། ཁོང་གིས་ཀྲེ་ཅང་ཞིང་ཆེན་གྱིས་དབྱིན་ཀྲུང་རྒྱལ་ཁབ་གཉིས་པོའི་སྤེལ་རེས་ཐད་གལ་འགངས་ཆེ་བའི་ནུས་པ་ཐོན་ཡོད། ཀྲེ་ཅང་གི་ཕྱི་སྦྱོང་སློབ་མ་དང་། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་། ཁེ་ལས་ཀྱིས་དབྱིན་ཇིར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པས། ངས་དབྱིན་ཇི་སྲིད་གཞུང་གི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    ཀྲེ་ཅང་ཞིང་ཆེན་མི་སྤྱི་ཐིང་གི་ཐིང་ཀྲང་གཞོན་པ་ཁྲེན་ཀྲུང་གིས་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག་ཀྲེ་ཅང་གིས་དྲ་སྦྲེལ་དང་། གྲངས་གཞི་ཆེ་མོ། སྤྲིན་ཚོམས་རྩིས་རྒྱག མི་ཐབས་རིག་ནུས་བཅས་ཀྱིས་ཚབ་མཚོན་བྱས་པའི་ལག་རྩལ་གསར་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བཞིན་ཡོད་པ་དང་། དངུལ་རྩ་དང་། ཆ་འཕྲིན། བདེ་ཐང་། ཡུལ་སྐོར། རྩེར་སོན་སྒྲིག་ཆས་བཟོ་སྐྲུན་སོགས་དུང་ཕྱུར་ཁྲི་ཟིན་པའི་ཐོན་ལས་ཆེན་པོ་བརྒྱད་ནུས་ཤུགས་ཡོད་རྒུས་གསར་གཏོད་བྱེད་བཞིན་ཡོད་པས། རྒྱལ་སྤྱི་ཅན་དང་ཆེད་ལས་ཅན་གྱི་རྩེར་སོན་ཤེས་ལྡན་པ་འབོར་ཆེན་མཁོ་བར་བརྟེན་ཕྱི་རྒྱལ་གྱི་རིགས་ཁག་གི་ཤེས་ལྡན་པ་ཀྲེ་ཅང་དུ་གསར་གཏོད་ལས་གཏོད་དང་ཕུགས་འདུན་མངོན་འགྱུར་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།