[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཧྲང་ཧའེ་ཡི་མངོན་མིན་རིག་གནས་ཤུལ་བཞག་ལོན་ཏོན་དུ་འགྲེམས་སྟོན་བྱས་པ།

  • ཡོང་ཁུངས།   ​ ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-13

    ཀྲུང་གོའི་ཧྲང་ཧའེ་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་སྐབས་དང་པོ་དེ་ཚེས་9ཉིན་དབྱིན་ཇིའི་ལོན་ཏོན་དུ་བྱས་པ་དང་ས་གནས་དེ་གའི་རིག་གནས་ལས་རིགས་ཀྱི་མི་སྣ་དང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་འཐུས་མི་དང་དེ་བཞིན་དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་དཔོན་རིགས་སོགས་གདན་ཞུས་ལྟར་འགྲེམས་སྟོན་ལ་ཕེབས་ཡོད་པ་རེད།

    འགྲེམས་སྟོན་ཐོག་བརྩམས་ཆོས་50ལྷག་ཙམ་འགྲེམས་སྟོན་བྱས་ཤིང་། ད་རེས་ཀྱི་འགྲེམས་སྟོན་དེ་ཧྲང་ཧའེ་གྲོང་ཁྱེར་ཕྱི་ཕྱོགས་རིག་གནས་སྤེལ་རེས་མཐུན་ཚོགས་དང་ཧྲང་ཧའེ་ཤང་མེ་མོ་ཕྱུའི་རིག་གནས་གསར་གཏོད་སྐུལ་གཏོང་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པ་དང་གཙོ་གཉེར་ཕྱོགས་ཀྱི་འཐུས་མི་ལི་ཅུན་གྱིས་ཤིས་ཚིག་བརྗོད་སྐབས་ཟླ་6ཚེས་9ཉིན་ནི་ཀྲུང་གོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་ཡིན་པས་ཉིན་དེ་བདམས་ནས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ལོན་ཏོན་དུ་ཀྲུང་གོའི་ས་གནས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་བྱས་པ་དེས་རྒྱལ་ཁབ་ཕྱི་ནང་གི་མི་སྣས་ཀྲུང་ཧྭ་ཡི་རིག་གནས་སྒྱུ་རྩལ་མཉམ་སྤྱོད་ཐུབ་རྒྱུར་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།