[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོར་སློང་སྦྱོང་བྱེད་མཁན་ཧ་སག་སི་ཐན་གྱི་ཕྱི་སྦྱོང་སློབ་མ་ཀྲེན་ཀྲུའུ་དང་ཆིང་ཏའོ་དབར་གྱི་ལས་དབང་།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-04

    འདི་ལོ་ལོ་23ལ་སླེབས་པའི་ཀྲུང་གོར་སློབ་སྦྱོང་བྱེད་མཁན་ཕྱི་སྦྱོང་སློབ་མ་ཀྲེན་ཀྲུའུ་ཧ་སག་སི་ཐན་གྱི་གྲོང་ཁྱེར་ཆེ་གྲས་ཨང་དང་པོ་ཨ་ལ་མུའུ་ཐུའུ་ནས་ཡོང་བ་དང་ཀྲུང་གོར་སློབ་སྦྱོང་བྱེད་པ་དང་འཚོ་བ་སྐྱེལ་རྒྱུ་ནི་ཁོང་ཆུང་དུས་ཀྱི་ཕུགས་བསམ་ཡིན་པ་རེད།

    ཧྲན་ཏུང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་ཆེན་དུ་ཆེད་མངགས་རྒྱ་ཡིག་ལོ་གཅིག་སྦྱངས་རྗེས་2014ལོར་ཀྲེན་ཀྲུའུ་རང་གི་འདོད་བློ་ལྟར་ཧོང་ཧའེ་མཚོ་འགྲམ་གྱི་ཀྲུང་གོ་རྡོ་སྣུམ་སློབ་ཆེན(ཀྲུང་ཧྭའི་ཤར་རྒྱུད)དུ་རྡོ་སྣུམ་ཆེད་ལས་སྦྱོང་རྒྱུ་བྱུང་ཡོད། དེ་ནས་བཟུང་མཛེས་སྡུག་ལྡན་པའི་ཧོང་ཧའེ་མཚོ་འགྲམ་གྱི་གྲོང་ཁྱེར་ཆིང་ཏའོ་རུ་འཚོ་བ་བསྐྱལ།

    ཀྲེན་ཀྲོའུ་ཡི་པ་ཕས་བུ་མོ་ཕ་ཡུལ་དུ་ལོག་རྗེས་རྡོ་སྣུམ་ལས་ཀ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་རུང་། ཁོང་ལ་རང་ཉིད་ཀྱི་ཕུགས་བསམ་ཞིག་ཡོད་པ་ནི་ཀྲུང་གོར་སྦྱངས་པའི་ཤེས་བྱར་བརྟེན་ནས་ཧ་སག་སི་ཐན་དུ་སློབ་གསོའི་སྒྲིག་གཞི་ཞིག་བཙུགས་ཏེ་ཕྱོགས་གཅིག་ནས་ཕྲུ་གུ་ཚོའི་སློབ་གསོ་མྱོང་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་ཕྱོགས་གཞན་ཞིག་ནས་ཀྲུང་གོར་སློབ་སྦྱོང་བྱེད་པར་སྐྱོད་འདོད་པའི་སློབ་མར་སྟབས་བདེ་དེ་བས་མང་བ་བསྐྲུན་རྒྱུ་དེ་རེད།

    516837_yis_1527577792929_s.jpg

    འདི་ནི་ཀྲུང་གོ་རྡོ་སྣུམ་སློབ་ཆེན(ཀྲུང་ཧྭའི་ཤར་རྒྱུད)གྱི་སློབ་ཆེན་སློབ་མའི་བྱེད་སྒོ་ལྟེ་གནས་སུ་ཀྲུང་གོར་སློབ་སྦྱོང་བྱེད་མཁན་ཧ་སག་སི་ཐན་གྱི་ཕྱི་སྦྱོང་སློབ་མ་ཀྲེན་ཀྲོའུ་ཡིས་ཁྲང་ཞིར་དགའ་པོ་བྱེད་མཁན་དང་མཉམ་དུ་རྒྱལ་བཅུད་རིག་གནས་ཉམས་ལེན་བྱེད་བཞིན་པ།

    516838_yis_1527577793381_s.jpg

    འདི་ནི་ཀྲུང་གོ་རྡོ་སྣུམ་སློབ་ཆེན(ཀྲུང་ཧྭའི་ཤར་རྒྱུད)གྱི་སློབ་ཆེན་སློབ་མའི་བྱེད་སྒོའི་ལྟེ་གནས་སུ་ཀྲུང་གོར་སློབ་སྦྱོང་བྱེད་མཁན་ཧ་སག་སི་ཐན་གྱི་ཕྱི་སྦྱོང་སློབ་མ་ཀྲེན་ཀྲོའུ(གཡོན་གྱི་དང་པོ)ཡིས་སྤུ་སྨྱུག་དང་སྣག་ཚའི་དྲི་ཞིམ་འཐུལ་བའི་ཡིག་རིས་ཁང་གི་སློབ་གྲོགས་ཀྱི་མཛུབ་སྟོན་འོག་སྤུ་སྨྱུག་གིས་རྒྱ་ཡིག་འབྲི་བཞིན་པ།

    516836_yis_1527577792429_s.jpg

    འདི་ནི་ཀྲུང་གོ་རྡོ་སྣུམ་སློབ་ཆེན(ཀྲུང་ཧྭའི་ཤར་རྒྱུད)དུ་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་མཁན་སློབ་མ་ཀྲེན་ཀྲོའུ(གཡས་ཀྱི་གསུམ་པ)དང་ཀྲུང་གོའི་སློབ་ཆེན་སློབ་མ་མེ་ཏོག་ཡིང་ཧྭ་ཡི་སྡོང་པོའི་འོག་ཧ་སག་སི་ཐན་གྱི་དམངས་གཞས་གཏོང་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།