[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི“དུས་ཚིགས་ཉེར་བཞི”མཉམ་འབྲེལ་རྒྱལ་ཚོགས་སུ་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-07

    481043_yis_1517893080522.jpg

    མཉམ་འབྲེལ་རྒྱལ་ཚོགས་ཐའེ་ཅི་རིག་གནས་སློབ་ཚོགས་ཀྱི་གདན་ཞུས་ལྟར་པེ་ཅིང་རྒྱལ་སྤྱིའི་ཇུས་བཀོད་གཟའ་འཁོར་དང་པེ་ཅིང་ཧོ་ཀྲུང་མེ་ཧྭ་སློབ་གསོ་མ་འཇོག་ཚད་ཡོད་ཀུང་སིས་ཉིན་དེའི་མཚན་མོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའི་ཐོག་བརྩེགས་ཁང་ཆེན་གྱི་ཐོག་སོ་དང་པོར“དུས་ཚིགས་ཉེར་བཞིའི”བསམ་བཀོད་བརྩམས་ཆོས་དང་རིག་གནས་ཡུལ་སྲོལ་སྤེལ་རེས་བྱེད་སྒོ་གཉེར་བ་རེད། “དུས་ཚིགས་ཉེར་བཞི”ཡིས་བརྗོད་དོན་གཙོ་བོ་བྱས་པའི་ཆེད་ལས་ཚོགས་ཆུང་གི་བརྩམས་ཆོས་ཁག་29དང་། ཆེད་ལས་སྒྲིག་གཞིས་མངགས་བཅོལ་བྱས་ནས་ཇུས་བཀོད་བྱས་པའི་བརྩམས་ཆོས་ཁག་6 གཞོན་ནུ་ལོ་ཆུང་ཚོགས་ཆུང་གི་བརྩམས་ཆོས་ཁག་50བཅས་དེ་གར་འགྲེམས་སྟོན་བྱས་ཤིང་། འདི་ནི་ཉིའུ་གཡོད་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་བུད་མེད་ཅིག་གིས“དུས་ཚིགས་ཉེར་བཞིའི”བསམ་བཀོད་བརྩམས་ཆོས་འགྲེམས་སྟོན་ལ་ལྟ་བའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།