[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ​ཀྲུང་གོའི་མཚོ་དམག་གི་དམག་གྲུ་ཏེའོ་ཡུས་གླིང་ཕྲན་གྱི་ས་སྦྲེལ་ཁུལ་དུ་འཛུལ་འདུག་ཅེས་རི་པིན་ཕྱོགས་ཀྱིས་འུད་སྒྲོག་བྱས་པའི་གནས་ཚུལ་ལ་རྒྱལ་སྲུང་པུའི་གསར་འགྱུར་ཅུས་ཀྱིས་གསར་འགོད་པའི་དྲི་བར་ལན་བཏབ་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-13

     ཚེས་11ཉིན། ཀྲུང་གོའི་མཚོ་དམག་གི་དམག་གྲུ་ཏེའོ་ཡུས་གླིང་ཕྲན་གྱི་ས་སྦྲེལ་ཁུལ་དུ་འཛུལ་འདུག་ཅེས་རི་པིན་ཕྱོགས་ཀྱིས་འུད་སྒྲོག་བྱས་པའི་གནས་ཚུལ་ལ་རྒྱལ་སྲུང་པུའི་གསར་འགྱུར་ཅུས་ཀྱིས་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།

    ཚེས་11ཉིན། རི་པིན་གྱི་འགོག་སྲུང་ཧྲེང་གིས་ཉིན་དེར་ཀྲུང་གོའི་མཚོ་དམག་གི་དམག་གྲུ་ཏེའོ་ཡུས་གླིང་ཕྲན་གྱི་མངའ་ཁོངས་རྒྱ་མཚོའི་ཕྱི་རོལ་གྱི་ས་སྦྲེལ་ཁུལ་དུ་འཛུལ་འདུག་ཅེས་པའི་ཆ་འཕྲིན་སྤེལ་བའི་སྐོར་ལ་རྒྱལ་སྲུང་པུར་བདེན་མིན་ར་སྤྲོད་གནང་རོགས་ཞུ་རྒྱུ་དང་སྦྲགས། འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་ཀྱང་གནང་རོགས་ཞུ་རྒྱུ་ཡིན་ཞེས་གསར་འགོད་པས་དྲིས་པར།

    རྒྱལ་སྲུང་པུའི་གསར་འགྱུར་ཅུས་ཀྱིས་ཟླ་1ཚེས་11ཉིན་གྱི་ཕྱི་དྲོར་རི་པིན་མཚོ་ཐོག་རང་སྲུང་རུ་ཁག་གི་དམག་གྲུ་གཉིས་ཀྲུང་གོའི་ཏེའོ་ཡུས་གླིང་ཕྲན་གྱི་ཁོངས་ཁྲེ་ཝུའེ་གླིང་ཕྲན་གྱི་བྱང་ཤར་ཕྱོགས་ཀྱི་ས་སྦྲེལ་ཁུལ་དུ་སླེབས་འདུག ཉེན་ཟོན་སྐོར་གཡེང་གི་ལས་འགན་འཁུར་མཁན་ཀྲུང་གོའི་མཚོ་དམག་གི“དབྱིས་དབྱང”རྟགས་ཅན་གྱི་མེ་ཤུགས་འཕུར་མདེལ་སྲུང་སྐྱེལ་དམག་གྲུས་དེ་རང་དུ་བྱ་སྤྱོད་སྤེལ་ཏེ་གོང་གསལ་ཁུལ་ཁོངས་སུ་ཕྱིན་ཏེ་ཁྱོན་ཡོངས་ནས་རྗེས་སྙེག་ལྟ་སྐུལ་ཚོད་འཛིན་བྱས་ཡོད། མིག་སྔར་རི་པིན་ཕྱོགས་ཀྱི་དམག་གྲུ་གོང་གསལ་གྱི་ས་སྦྲེལ་ཁུལ་ནས་ཁ་གྱེས་ཟིན་ཞེས་བཤད།

    ནན་བཤད་བྱེད་དགོས་པ་ཞིག་ནི་ཏེའོ་ཡུས་གླིང་ཕྲན་དང་དེའི་ཞོར་གཏོགས་གླིང་ཕྲན་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་མངའ་ཁོངས་རེད། ཀྲུང་གོ་ཕྱོགས་ཀྱི་དམག་གྲུ་འབྲེལ་ཡོད་མཚོ་ཁོངས་སུ་བསྐྱོད་པ་དེ་ལུགས་དང་མཐུན་ཡོད། རི་པིན་ཕྱོགས་ཀྱིས་དེ་གསལ་པོ་ཤེས་པའི་གནས་ཚུལ་འོག་རྐུན་མ་ཧམ་ཆེན་གྱིས་མི་གསོད་པ་བཞིན་དཀར་ནག་ཕྱིན་ཅི་བསླགས་ཏེ། ཀྲུང་གོའི་དམག་དཔུང་གི་ལུགས་དང་མཐུན་པའི་ཁེ་དབང་སྲུང་སྐྱོང་བྱ་སྤྱོད་ལ་སྨྱོ་ཧམ་ཆེན་པོས་འུད་སྒྲོག་བྱས་པར་ང་ཚོས་མ་འདོད་པའི་རྣམ་འགྱུར་དྲག་པོ་བསྟན་རྒྱུ་དང་ཆབས་ཅིག་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།

    ཀྲུང་གོའི་དམག་དཔུང་གིས་སྔར་རྒྱུན་གཞིར་བཞག་ལྟར་དགོས་ངེས་ཀྱི་བྱེད་ཐབས་མཐའ་དག་སྤྱད་དེ་རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་དང་བདེ་འཇགས་ཀྱི་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།