[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • བྷེ་ཨུ་རུ་སུའི་དཔལ་འབྱོར་རིག་པ་མཁས་ཅན་གྱིས་ཀྲུང་གོ་ནི་འཕེལ་རྒྱས་གསར་གཏོད་བྱེད་མཁན“སྣེ་ཁྲིད་པ”ཞིག་རེད་ཅེས་བཤད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-11

     བྷེ་ཨུ་རུ་སུའི་ཚན་རིག་སློབ་གླིང་གི་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་པེར་སི་ཅིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོ་ནི་དེང་རབས་ཀྱི་འཕེལ་རྒྱས་གསར་གཏོད་བྱེད་མཁན“སྣེ་ཁྲིད་པ”ཞིག་རེད་ཅེས་བཤད།

    པེར་སི་ཅིས་ཀྲུང་གོའི་སྔོན་ཐོན་གྱི་འཕེལ་རྒྱས་གསར་གཏོད་ལས་གྲངས་འཛིན་ཅན་གྱི་སྦྲེལ་མཐུད་དང་འཕྲུལ་མི་ཅན་མངོན་འགྱུར་ཐུབ་རྒྱུ་འགན་ལེན་ཐུབ་ནས་རིག་ནུས་ཐོན་ལས་དང་མི་ཐབས་ལ་བརྟེན་པའི་རིག་ནུས་ལག་རྩལ་འཕེལ་རྒྱས་ཆེན་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ། གཞན་ཡང་རིག་ནུས་གྲོང་ཁྱེར་འཛུཌ་སྐྲུན་བྱས་པ་དེས་ཀྲུང་གོའི་ངལ་རྩོལ་ཐོན་སྐྱེད་བྱེད་ཚད་ཆེས་ཆེར་མཐོ་རུ་འགྲོ་རྒྱུ་རེད་ཅེས་བཤད།

    པེར་སི་ཅིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་ཐད་བརྗིད་ཆེའི་དམིགས་ཚད་ལྡན་པ་བྱས་པ་དང་ཀྲུང་གོར་དམིགས་ཚད་དེ་དག་མངོན་འགྱུར་ཐུབ་པའི་ཐོན་ཁུངས་འདང་ངེས་ཡོད་པས་མི་དམངས་ཀྱི་ཕན་བདེའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་རྒྱུ་རེད་ཅེས་བཤད།

    ཁོང་གིས་ད་དུང་ཀྲུང་གོས་ཕྱི་འབྲེལ་ཐད“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱེད་པ་སོགས་ཀྱི་བྱ་ཐབས་གསར་པ་བཏོན་པ་དེས་ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྦྱོར་བརྟན་ལྷིང་གི་འཕེལ་རྒྱས་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུར་གཞོལ་བཞིན་ཡོད་པ་མཚོན་ཡོད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།