[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ​ཀྲུང་གོའི་ཟློས་གར《ཀྲུའུ་ཧོན》ཞེས་པ་ཉིའུ་གཡོད་ལིན་ཁེན་ལྟེ་གནས་སུ་འཁྲབ་སྟོན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-09

    469786_yis_1515388682939.jpg

     ཧྲང་ཧའེ་གླུ་གར་ཚོགས་པས་གསར་རྩོམ་བྱས་པའི་ཟློས་གར《ཀྲུའུ་ཧོན》ཞེས་པ་ཟླ་1ཚེས་5ཉིན་ནས་ཚེས་7ཉིན་བར་ཉིའུ་གཡོད་ལིན་ཁེན་ལྟེ་གནས་སུ་འཁྲབ་སྟོན་བྱས་ཤིང་། ཀྲུང་གོའི་ཕྱི་ཕྱོགས་རིག་གནས་ཚོགས་པས་བཏོད་པའི“ཀྲུང་གོའི་ཉམས་འགྱུར”ཞེས་པའི་འཁྲབ་སྟོན་རབ་དང་རིམ་པའི་གྲས་ཤིག་སྟེ། ཟློས་གར《ཀྲུའུ་ཧོན》ཞེས་པའི་ནང་ཁོར་ཡུག་སྲུང་སྐྱོང་བརྗོད་དོན་གཙོ་བོར་བྱས་ནས་མི་སེམས་འགུལ་བའི་གཏམ་རྒྱུད་དང་མཛེས་ཉམས་ལྡན་པའི་གར་སྟེགས་རྣམ་པའི་ཐོག་ནས་ཀྲུའུ་ཧོན་དང་མིའི་རིགས་ལས་དབང་གཅིག་ཏུ་སྒྲིལ་བའི་རྣམ་པ་དང་མིའི་རིགས་ཀྱིས་དེང་རབས་ཅན་དང་གྲོང་ཁྱེར་ཅན་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་རང་བྱུང་ཁམས་དང་དམ་པོར་འབྲེལ་བའི་སྐོར་བརྗོད་ཡོད་ཅིང་། འདི་ནི་ཟླ་1ཚེས་5ཉིན་ཨ་རིའི་ཉིའུ་གཡོད་ལིན་ཁེན་ལྟེ་གནས་སུ་འཁྲབ་སྟོན་པ་ཚོས་ཀྲུང་གོའི་ཟློས་གར《ཀྲུའུ་ཧོན》ཞེས་པ་འཁྲབ་སྟོན་བྱེད་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།