[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སྐབས་19པའི་ཨ་ཧྥེ་རི་ཁའི་ཨེ་ཙེ་ནད་དང་འཁྲིག་སྦྱོར་ལས་འགོས་པའི་ནད་གཞིའི་རྒྱལ་སྤྱིའི་ཚོགས་ཆེན་འགོ་ཚུགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-07

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་པི་རང་ནས་ཟླ་12ཚེས་5ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། སྐབས་19པའི་ཨ་ཧྥེ་རི་ཁའི་ཨེ་ཙེ་ནད་དང་འཁྲིག་སྦྱོར་ལས་འགོས་པའི་ནད་གཞིའི་རྒྱལ་སྤྱིའི་ཚོགས་ཆེན་ཚེས་4ཉིན་ཁོ་ཐེ་ཏི་ཝོར་གྱི་དཔལ་འབྱོར་རྒྱལ་ས་ཨ་པི་རང་དུ་འགོ་ཚུགས་ཤིང་། ཚོགས་ཆེན་ཚེས་9ཉིན་བར་འཚོག་རྒྱུ་ཡིན་པ་རེད། རྒྱལ་ཁབ་མང་པོའི་འཐུས་མི་ཆིག་ཁྲི་ཙམ་གྱིས་ཨེ་ཙེ་ནད་དང་འཁྲིག་སྦྱོར་ལས་འགོས་པའི་ནད་གཞི་འགོག་བཅོས་ཀྱི་འཐབ་ཇུས་དང་ལྷག་པར་དུ་ས་ཧ་ལའི་ལྷོ་རྒྱུད་ཀྱི་ཨ་ཧྥེ་རི་ཁའི་ཨེ་ཙེ་ནད་འགོག་བཅོས་ཀྱི་དུས་བབ་སོགས་ལ་སྤེལ་རེས་གཏིང་ཟབ་བྱ་རྒྱུ་ཡིན་པ་རེད།

    མཉམ་འབྲེལ་རྒྱལ་ཚོགས་ཨེ་ཙེ་ནད་འཆར་འགོད་ཧྲུའི་ལག་བསྟར་ཀྲུའུ་རེན་སྨི་ཞེའར·ཤིས་ཏི་པེས་ཚོགས་ཆེན་ཐོག་ཨེ་ཙེ་ནད་ཤེས་རྟོགས་ཐུབ་ཚུན་གོ་ལ་ཧྲིལ་པོར་ཨེ་ཙེའི་ནད་དུག་ཕོག་མཁན་ཁྲི་7600ཙམ་ཤེས་རྟོགས་ཐུབ་པ་དང་མི་ཁྲི་3500ལ་ཨེ་ཙེ་ནད་ཕོག་ནས་འཆི་བས་ས་ཧ་ལའི་ལྷོ་རྒྱུད་ཨ་ཧྥེ་རི་ཁའི་ས་ཁུལ་གྱི་ཨེ་ཙེའི་ནད་དུག་ཕོག་ཚད་དེ་གོ་ལ་ཧྲིལ་པོར་མཐོ་ཤོས་ཡིན་པ་རེད།

    ཁོ་ཐེ་ཏི་ཝོར་གྱི་ཙུང་ཐུང་ཝ་ཐ་ལས་ཚོགས་ཆེན་ཐོག གནས་ཚུལ་དེར་དམིགས་ནས་ཨེ་ཙེ་ནད་ཀྱི་ཤུགས་རྐྱེན་ཕོག་ཚབས་ཆེ་ཤོས་ཀྱི་ཨ་ཧྥེ་རི་ཁ་སྐམ་ས་ཆེ་མོས་མཉམ་འབྲེལ་ཐོག་ཨེ་ཙེ་ནད་ལ་འགོག་རྒོལ་བྱེད་པའི་ཆོག་འཐུས་འཆར་གཞིར་གྲོས་བསྡུར་བྱ་རྒྱུ་དེ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་རེད་ཅེས་གསུངས་པ་དང་། ཁོང་གིས་ཁོ་ཐེ་ཏི་ཝོར་སྲིད་གཞུང་གིས་2018ལོ་ནས་2020ལོ་བར་ཨ་ཧྥེ་རི་ཁ་ནུབ་མའི་ཧྥ་ལང་སྒོར་མོ་དུང་ཕྱུར་210(ཧ་ལམ་ཨ་སྒོར་ཁྲི་3800དང་མཚུངས་པ)བཏང་ནས་ཨེ་ཙེ་ནད་ཀྱི་འགོག་བཅོས་དང་འགོག་རྒོལ་ལས་དོན་སྤེལ་རྒྱུའི་ཁས་བླངས་པ་རེད།

    ཝ་ཐ་ལས་ཨེ་ཙེ་ནད་དང་འཁྲིག་སྦྱོར་ལས་འགོས་པའི་ནད་གཞི་གཞན་དག་ཁྱབ་འགྱེད་འགྲོ་རྒྱུར་བཀག་འགོག་ནུས་ལྡན་བྱེད་མ་ཐུབ་ཚེ་ཨ་ཧྥེ་རི་ཁའི་དཔལ་འབྱོར་གནས་ཚུལ་འཁོར་སྐྱོད་ཧ་ཅང་ཞན་པ་དང་ཐ་ན་ཇེ་སྡུག་ཏུ་འགྲོ་རྒྱུ་ཡིན་པས་འབྲེལ་ཡོད་འགོག་རྐྱེན་དང་འགྲན་སློང་ལ་ཁ་གཏད་ཧུར་ཐག་གཅོག་རྒྱུ་དེ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་འཕེལ་རྒྱས་དོན་གཉེར་བྱེད་པའི་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། ཁོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་རྒྱལ་ཁབ་ཁག་སྐུལ་སློང་བྱས་ཏེ་འགོག་བཅོས་བྱ་སྤྱོད་ནང་ཞུགས་དགོས་པའི་འབོད་སྐུལ་བྱེད་རྒྱུ་ཡིན་ཞེས་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།