[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལོ་སིའི་དཔོན་རིགས་ཀྱིས་ལོ་སིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་སྦྲེལ་མཐུད་ཧུར་ཐག་བྱེད་རྒྱུ་ཡིན་ཞེས་བརྗོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-15

    ཉིན་ཤས་གོང་ལོ་ཀྲུང་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཨུ་ལྷན་གྱི་ཀྲུའུ་ཞི་ལོ་སིའི་བཟོ་ལས་དང་ཚོང་དོན་པུའི་པུའུ་ཀྲང་ཁའེ་མ་ཉི·པེན་ཧྲེ་ན་ཡིས་སྨྱན་སྦྱོར་ལ་ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་ལོ་སིས་འཐབ་ཇུས་སྦྲེལ་མཐུད་ཧུར་ཐག་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།

    ཁའེ་མ་ཉི་ཡིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་ལོ་སི་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་རྒྱ་ཁྱབ་ངང་ཐོབ་ཡོད། འདི་ལོའི་ཟླ་5པར་པེ་ཅིང་དུ“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་འཚོགས་རིང་ལོ་སི་དང་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུའི་མཉམ་ལས་ཡིག་ཆ་བཞག་ཡོད་ཅེས་བརྗོད་པ་རེད།

    ཁའེ་མ་ཉི་ཡིས་ཉེ་བའི་ལོ་ཤས་རིང་ལོ་ཀྲུང་རྒྱལ་ཁབ་གཉིས་པོའི་མཐོ་རིམ་དབར་འགྲོ་འོང་བྱེད་མང་བ་ལས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད། མིག་སྔར་ཀྲུང་གོ་ནི་ལོ་སིའི་མ་འཇོག་ཡོང་ཁུངས་རྒྱལ་ཁབ་ཆེ་ཤོས་དང་ཚོང་དོན་རོགས་ཟླ་ཆེ་ཤོས་ཨང་གཉིས་པ་དེ་ཡིན། ལོ་ཀྲུང་གི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལས་ལོ་སི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་ཡོད། གཞན་ཡང་ཀྲུང་གོས་ལོ་སིའི་དབུལ་པོ་ཉུང་གཏོང་བྱ་གཞག་ལ་རྒྱབ་སྐྱོར་བྱས་ཏེ་ཐག་རིང་ལུང་ཁུག་ས་ཁུལ་གྱི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ལེགས་སུ་གཏོང་རྒྱུར་རོགས་རམ་བྱས་པ་དང་སློབ་གྲྭ་དང་སྨན་ཁང་སྐྲུན་རོགས་བྱས་ཡོད། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་མཛའ་གྲོགས་འགྲོ་འོང་སྔར་བས་མང་དུ་ཕྱིན་པ་དང་ལོ་སིས་ཀྲུང་གོའི་ཡུལ་སྐོར་བ་དེ་བས་མང་བ་ལོ་སིར་ཡུལ་སྐོར་བྱེད་པར་ཡོང་རྒྱུར་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    ལོ་ཀྲུང་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཨུ་ལྷན་གྱི་ཀྲུའུ་ཞི་ཁའེ་མ་ཉི་ཡིས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་20སོང་ཚུན། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཐད་འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་ལོ་ཀྲུང་དབར་མཛའ་གྲོགས་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་ཕུལ་ཡོད། ཨུ་ཡོན་ལྷན་ཁང་གིས་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་གོ་རིམ་སྟབས་བདེར་བཏང་སྟེ་ལོ་ཀྲུང་མཉམ་ལས་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།