[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཇར་མན་གྱི་རྒྱལ་སྤྱིའི་ཞིང་ལས་འཕྲུལ་ཆས་འགྲེམས་ཚོགས་ཐོག་ཀྲུང་གོའི་ཁེ་ལས་ལ་དོ་ཁུར་ཐོབ་པ།

  • ཡོང་ཁུངས།   མི་དམངས་ཉིན་རེིའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-15

    ཚེས་12ཉིན། འཇར་མན་གྱི་ཞིང་ལས་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་འཇར་མན་གྱི་རྒྱལ་སྤྱིའི་ཞིང་ལས་འཕྲུལ་ཆས་འགྲེམས་ཚོགས་འཇར་མན་གྱི་གྲོང་ཁྱེར་ཧན་ནུའོ་ཝེའི་འགྲེམས་ཚོགས་ལྟེ་གནས་སུ་འགོ་ཚུགས་ཤིང་། ཀྲུང་གོའི་འགྲེམས་ཞུགས་ཚོང་དུད་117གྱིས་རྩེར་སོན་གྱི་ཐོན་རྫས་འཁྱེར་ནས་འགྲེམས་ཚོགས་ནང་ཞུགས་པས་ལས་རིགས་གཅིག་པའི་ནང་ཕྱོགས་ཁག་གི་དོ་ཁུར་དང་གདེང་འཇོག་བཟང་པོ་ཐོབ་ཡོད།

    འཇར་མན་ཞིང་ལས་མཐུན་ཚོགས་རྒྱལ་སྤྱིའི་སྤྱི་པའི་འབྲེལ་བ་པུའི་འགན་ཁུར་བ་མཱ་ལིན·ཁང་ལང(རྒྱ་ཡིག་མིང་ལ་ཁུང་མེ་ལིན)གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་རྒྱལ་སྤྱིའི་ཞིང་ལས་འཕྲུལ་ཆས་འགྲེམས་ཚོགས་ལོ་གཉིས་རེར་ཧན་ནུའོ་ཝེ་རུ་ཐེངས་རེ་གཉེར་གྱི་ཡོད་པ་དེ་ནི་འཛམ་གླིང་ཐོག་གི་ཆེད་ལས་འགྲེམས་ཚོགས་རྩེ་གྲ་ཞིག་རེད། འདི་ལོའི་འགྲེམས་ཚོགས་ནང་རྒྱལ་ཁབ་དང་ས་ཁུལ་53གྱི་འགྲེམས་ཞུགས་ཚོང་དུད་2800ལྷག་ཙམ་ཚུར་སྒུག་བྱས་པའི་ཁྲོད་60%ཙམ་འཇར་མན་ནས་ཡོང་པ་ཕུད། ཀྲུང་གོའི་འགྲེམས་ཞུགས་ཚོང་དུད་ཀྱི་གྲངས་འབོར་འཇར་མན་དང་དབྱི་ཐ་ལིའི་རྗེས་སུ་སླེབས་ནས་ཨང་གསུམ་པ་ཡིན་ཞེས་ངོ་སྤྲོད་བྱས།

    ཁང་ལང་གིས་ཞིང་ལས་འཕྲུལ་ཆས་ཁྱབ་ཁོངས་ཀྱི་མིག་སྔའི་འཕེལ་ཕྱོགས་ཆེ་ཤོས་ནི་སྔར་བས་རང་འགུལ་ཅན་དུ་གྱུར་པ་དེ་ཡིན། ཁོང་གིས་ཀྲུང་གོའི་འགྲེམས་ཞུགས་ཚོང་དུད་འགྲེམས་ཚོགས་ཐོག་གི་གྲུབ་ཆ་གལ་ཆེན་དུ་གྱུར་ཡོད་པ་མ་ཟད། ཀྲུང་གོའི་གསར་གཏོད་གཞི་རྒྱུ་ཉིན་བཞིན་མང་དུ་འགྲོ་གི་ཡོད་ཅེས་བཤད།

    ཁང་ལང་གིས་ད་དུང་སོག་མ་གཙང་སེལ་བྱ་རྒྱུ་ནི་ཀྲུང་གོའི་ཞིང་ལས་འཕེལ་རྒྱས་ལ་འཕྲད་པའི་མིག་སྔའི་དཀའ་གནད་ཆེ་ཤོས་དེ་ཡིན་པས། རྒྱལ་སྤྱིའི་ཞིང་ལས་འཕྲུལ་ཆས་འགྲེམས་ཚོགས་ཀྱིས་ཀྲུང་གོའི་ལྟ་སྐོར་བ་ཚུད་པའི་ལྟ་སྐོར་བ་ཚང་མར་རྒྱལ་ཁབ་དེ་གའི་ཞིང་ལས་འཕེལ་རྒྱས་ཀྱི་ད་ཡོད་གནས་ཚུལ་དང་འཚམ་པའི་ཐག་གཅོད་ཇུས་གཞི་མཁོ་འདོན་བྱས་ཡོད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།