[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེའི་དམག་སྤྱིས་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེའི་བྱས་རྗེས་མངོན་གསལ་དོད་པོར་བསྔགས་བརྗོད་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-12

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པེ་རུ་ཐེ་ནས་ཟླ་10ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེའི་དམག་སྤྱི་ཧྲའོ་ཅང་མའེ་ཁེའར་·པིའར་ལིས་མཚམས་འདྲིར་ཕེབས་པའི་ལེ་པ་ནོན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་ཝང་ཁེ་ཅན་དང་མཇལ་འཛོམས་གནང་སྐབས་ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་ཡན་ལག་རུ་ཁག་གི་ལས་སྒོ་རྩེར་སོན་དང་ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་ཚུལ་བརྗོད།

    པིའར་ལིས་ཀྲུང་གོ་འཛམ་གླིང་ཐོག་ཤུགས་རྐྱེན་ཆེན་པོ་ལྡན་པའི་རྒྱལ་ཁབ་སྟོབས་ཆེན་ཞིག་གི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བརྗོད་ཅིང་། ཁོང་གིས་ལེ་པ་ནོན་དུ་བཅའ་སྡོད་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེས་ལས་འགན་ཁག་གཟེངས་སུ་ཐོན་པའི་སྒོ་ནས་ལེགས་གྲུབ་བྱས་པ་མ་ཟད། ད་དུང་རྒྱལ་ཁབ་གཞན་གྱི་དཔུང་སྡེ་དང་། ས་གནས་སྲིད་གཞུང་དང་ཡུལ་མི་བཅས་དང་འབྲེལ་བ་ཡག་པོ་ཡོད་ཅེས་བརྗོད།

    ཝང་ཁེ་ཅན་གྱིས་ཀྲུང་གོ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཅིག་གི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ལ་ཞུགས་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུ་ཡིན། ཀྲུང་གོས་མི་གྲངས་8000གི་གཞི་ཁྱོན་ལྡན་པའི་ཞི་བདེ་སྲུང་སྐྱོང་གི་བཀའ་སྒུག་དཔུང་སྡེ་བཙུགས་ཡོད་པས་དེས་འཛམ་གླིང་ཞི་བདེ་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་རེད། ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེས་ལེ་པ་ནོན་གྱི་ལྷོ་རྒྱུད་དང་དེ་བཞིན་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་ལ་ནུས་པ་གལ་ཆེན་བཏོན་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་སྔར་རྒྱུན་བཞིན་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།